“ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-02 16:46:55

2015ལོའི་ལོ་མཇུག་ཏུ་དཔའ་ཤོད་རྫོང་ལ་དུད་ཚང་3170གྱི་མི་འབོར་དབུལ་པོ་15372ཡོད་པ་དང་ཕྱོགས་བསྡུས་དབུལ་པོར་གྱུར་ཚད་34.52%ཡིན་པ་གནད་སྨིན་དབྱེ་འབྱེད་བྱས་ཡོད།  ཉེ་བའི་ལོ་ཤས་རིང་ཐོན་ལས་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོས། སྣོད་བཅུད་ཁ་གསབ།  སྤྱི་ཚོགས་འགན་སྲུང་ཐ་སྐྱོང་།  ལས་ཞུགས་གཞན་སྒྱུར་སོགས་དབུལ་སྒྲོལ་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད།  མི་འབོར་དབུལ་པོ་མིག་སྔའི་དུད་ཚང་566གི་མི་གྲངས་2676བར་ཆག་པ་དང་།  ད་ཆ་རྫོང་ཡོངས་སུ་དབུལ་པོར་གྱུར་ཚད་5.6%ལས་ཟིན་གྱི་མེད། སྔོན་དཔག་བྱས་ན།  འདི་ལོའི་ཟླ་7པའི་ཟླ་དཀྱིལ་དུ་ལས་ཞུགས་ཀྱི་ལས་གནས་གསར་སྤེལ་སོགས་བྱེད་ཐབས་ནུས་ལྡན་སྤྱད་དེ།  ལྷག་འཕྲོས་དུད་ཚང་510ཡི་མི་གྲངས་2532དབུལ་སྒྲོལ་ཐུབ་པ་དང་རྫོང་ཡོངས་དབུལ་ཞྭ་འབུད་ཐུབ་པར་བྱས་ནས་ཕྱོགས་བསྡུས་དབུལ་པོར་གྱུར་ཚད་0.33%བར་ཆག་པ་བྱ་རྒྱུ་རེད།

དཔའ་ཤོད་རྫོང་ནི་བོད་ཤར་ས་ཁུལ་གྱི་རི་མཐོ་དང་། གྲོག་རོང་།  མཐོ་གྲང་འབྲོག་ཁུལ་བཅས་གཞི་གཅིག་ཏུ་འདུས་པའི་དཔེ་མཚོན་གྱི་ཤིན་ཏུ་དབུལ་པོའི་རྫོང་ཞིག་རེད་ལ་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཤིན་ཏུ་དབུལ་པོའི་རྫོང་19ཡི་གྲས་ཤིག་ཀྱང་རེད།  མིག་སྔར། དཔའ་ཤོད་རྫོང་གི་དབུལ་ཞྭ་འབུད་པའི་དུས་ཚོད་ཛ་དྲག་ལ་ལས་འགན་ཡང་ལྕི་པོ་ཡོད།  དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཧའེ་ཡིས།  རང་སྐྱོང་ལྗོངས་ཀྱི་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང་19ཡི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཐོན་ལས་དབུལ་སྒྲོལ་དེ་ཤུགས་རྒྱག་སར་བྱེད་པ་དང་།  གནད་སྨིན་ཇུས་འདོན་ཐད་འཇོན་ཐང་ངོ་མ་འདོན་པ།  གནད་སྨིན་རོགས་སྐྱོར་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་རྫོང་ཡོངས་དུས་བཀག་བཞིན་དབུལ་ཞྭ་འབུད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བརྗོད།

ཝུའུ་དབྱིང་ཧའེ་ཡིས། ལོ་འགའ་ཤས་གོང་།  རྒྱལ་མོ་རྔུལ་ཆུའི་གྲོག་རོང་གི“དབྱར་དུས་ཀྱི་ཤང་གསུམ”དང“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི”ཤིན་ཏུ་དབུལ་པོའི་དོན་དངོས་ལ་དམིགས་ཏེ།  རྫོང་དེར་ཤང་ཡོངས་དང་གྲོང་ཚོ་ཡོངས་ཡུལ་གཞན་དུ་གནས་སྤོས་འདུ་འགོད་སྤྱི་འདོམས་ལག་ལེན་བསྟར་བ་རེད།  སླད་ཕྱིན་རྫོང་དེའི་ལས་ཞུགས་གཞན་སྒྱུར་དང་མང་ཚོགས་ཀྱི་འབབ་འཕར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་འོག  རྫོང་ཡོངས་ཀྱིས“གསོ་སྦྱོང་+ལས་ཞུགས”དང་།  “དྲིལ་བསྒྲགས་+ཁྲིད་སྟོན”ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད།  འཇོན་ཐང་ཅན་གྱི་སྐུལ་ཁྲིད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར།  ཡུལ་དེ་གའི་བཟའ་བཏུང་ཞབས་ཞུའི་ལས་རིགས།  ཨར་སྐྲུན་ལས་ཡུལ་དུ་ལས་ཞུགས་སོགས་ལས་དོན་སྔར་བས་སྤེལ་ཏེ།  གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་ཀྱི་འབབ་འཕར་ཕྱུག་འགྱུར་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་དུད་ཚང་གཅིག་ནས་མི་གཅིག་ལས་ཞུགས་བརྟན་པོ་ཡོང་བར་བྱས་ནས“གནས་སྤོ་ཐུབ་པ་དང་།  གཞིས་ཆགས་ཐུབ་པ།  ཕྱུག་འགྱུར་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན།  རྫོང་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་དང་འགྲིམ་འགྲུལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་།  མ་དངུལ་དང་ཤེས་ལྡན་པའི་ཐོན་ཁུངས་བསྡུ་སྒྲིལ།  ཕན་འབྲས་བཟང་བ་དང་དབུལ་སྐྱོར་སྐུལ་ཁྲིད་མངོན་གསལ་དོད་པའི་ཐོན་ལས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཐག་ཉེ་ས་དང་ཡུལ་དེ་གར་ལས་ཞུགས་ཐུབ་པར་བྱ་རྒྱུ་ཡིན།  བོད་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་པ་དཔའ་ཤོད་རྫོང་གི་སློབ་གྲྭ་འབྲིང་ཆུང་དང་རྫོང་སྨན་ཁང་དུ་བོད་སྐྱོར་ལས་དོན་སྤེལ་བར་གདན་དྲངས་རྒྱུ་དང་།  “བརྒྱུད་རོགས་ཁྲིད”གསུམ་བརྒྱུད།  རྫོང་གི་སློབ་གསོ་དང་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།  ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་རྫོང(ཆུས)9ཡིས་ཤང་དང་གྲོང་རྡལ་14དང“གཅིག་གཏད་གཅིག”གི་ཆ་སྒྲིག་གཉེན་འཚོལ་གྱི་ཁ་གཏད་རོགས་སྐྱོར་གྱི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་རྫོང་ཡོངས་དབུལ་ཞྭ་འབུད་པར་ཕྱི་རོལ་གྱི་སྒུལ་ནུས་ཤུགས་ཆེན་སྣོན་རྒྱུ་ཡིན།  དེ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ལས་དོན་གྱི་བླང་བྱ་གཞིར་བཟུང་།  ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་རྫོང་ཁོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་དགོས་པའི་ལས་མི་བྱེད་པ་དང་སྒྱིད་ལུག་གི་སྣང་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།