རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བོད་སྐྱོད་ཞིབ་བཤེར་དཔྱད་ཞིབ་ཚོགས་ཆུང་དང་བཞུགས་མོལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-14 17:35:06

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་12ཉིན་གནས་ཚུལ་འབྱོར་གསལ།  ཚེས་11ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཚན་རྩལ་སིའི་སི་ཀྲང་གཞོན་པ་ཧོང་ཧྥ་ཆང་གིས་རུ་སྣེ་འཁྲིད་པའི་བོད་སྐྱོད་ཞིབ་བཤེར་དཔྱད་ཞིབ་ཚོགས་ཆུང་དང་བཞུགས་མོལ་བྱས་པ་དང་།  བཞུགས་མོལ་ཚོགས་འདུའི་ཐོག《2015ལོ་ནས་2017ལོའི་བར་གྱི་ནགས་ལས་ལ་གནོད་པའི་སྐྱེ་དངོས་གལ་ཆེན་གྱི་འགོག་བཅོས་དམིགས་ཚད་འགན་འཁྲིའི་ཡི་གེའི》ལས་འགན་སྒྲུབ་ཚུལ་ཉན་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཞིབ་བཤེར་དཔྱད་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་ནགས་ལས་ལ་གནོད་པའི་སྐྱེ་དངོས་འགོག་བཅོས་ལས་དོན་དང་།  དེ་བཞིན་ད་ཐེངས་ཀྱི་དཔྱད་ཞིབ་ནང་དོན་དང་དཔྱད་ཞིབ་བྱེད་ཐབས་སོགས་ཐད་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་།  དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིབ་བཤེར་དཔྱད་ཞིབ་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཀྱིས་སྦ་གསང་དང་ཟུར་གཡོལ་མི་བྱེད་པར་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་བྱ་ཐབས་བཟོ་བ་དང་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས།  སྡེ་ཚན་ཁག་གིས་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་གྱིས་ནགས་ལས་ལ་གནོད་པའི་སྐྱེ་དངོས་གལ་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།  འགོག་བཅོས་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྣོད་བཅུད་འཛུགས་སྐྱོང་གི་ཕན་འབྲས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་།  རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པ།  སྣོད་བཅུད་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱ་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།