དུད་ཚང་དབུལ་པོ་ནས་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-14 17:35:05

བཀྲ་ཤིས་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་ལ་སྒང་གྲོང་ཚོའི་གྲོང་མི་རེད།

ལོ་གཉིས་ཀྱི་རིང་།  ཁོང་གིས་ཨར་ལས་ཚོགས་ཆུང་བཙུགས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་མང་པོ་བཏོད་པས་ཉེ་རིང་ཀུན་ཏུ་སྐད་གྲགས་ཆོད་པའི་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་མང་ཚོགས་ཕྱུག་འགྱུར་གྱི་ལམ་སྟོན་པར་གྱུར་ཅིང་།  ཏང་གི་དམངས་ཕན་སྲིད་ཇུས་འོག་ཕྱུག་པོར་གྱུར་པའི་ཞིང་འབྲོག་པའི་སྔོན་ཐོན་དཔེ་མཚོན་གྱི་ལེའུ་ཞིག་བརྩམས་པ་རེད།

འབྱོར་འཁོས་ཞན་ཡང་ཐོག་མའི་

བསམ་འདུན་མ་གྱུར་པ།

1994ལོར།  ལོ་18ལ་སླེབས་པའི་བཀྲ་ཤིས་ཀྱིས་ཀྱང་ཕུགས་འདུན་དོན་གཉེར་བྱེད་པའི་ཞིང་འབྲོག་ཁུལ་གྱི་གཞོན་ནུ་མང་པོ་དང་འདྲ་བར་ཕ་ཡུལ་ནས་ལྷ་སར་ཡོང་འབབ་གསོག་པར་བསྐྱོད་པ་དང་།  ཨར་པོ་རྒྱག་ས་གང་སར་ལས་ཀ་བྱེད་མྱོང་བ་རེད།

2016ལོར་བོད་ཀྱི་ཨར་ལས་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པར་མཐོང་སྟེ་བཀྲ་ཤིས་ཀྱིས་སླར་ཡང་ཨར་ལས་ལ་ཞུགས་པ་དང་།  ལོ་དུ་མར་ཨར་ལས་བྱས་པས་ཁོ་པར་ཉམས་མྱོང་ཕུན་སུམ་ཚོགས་ལ་ཞུམ་མེད་ཀྱི་བློ་སྟོབས་ཀྱང་འཕེལ་ཡོད།  ལས་གཉེར་བྱེད་རིང་ཁོང་གི་འཇོན་ཐང་རིམ་བཞིན་རྒྱས་པ་མ་ཟད།  ལས་གླ་རྒྱུག་ཞོར་དུ་གཞི་ཁྱོན་ཆུང་བའི་ལས་གྲྭ་ཁག་གཅིག་གི་སྒྲུབ་འགན་ཁུར་ཏེ་ལས་གཏོད་བྱེད་འགོ་ཚུགས་པ་རེད།

དབུལ་སྐྱོར་གྱི་བསིལ་རླུང་ལ་བརྟེན་ནས་

མི་ཚེར་འགྱུར་ལྡོག་བྱུང་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་སྲིད་ཇུས་བཟང་པོར་བརྟེན་ནས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་གོང་འཕེལ་ཆེན་པོ་བྱུང་བ་དང་།  བཀྲ་ཤིས་ཀྱི་ལས་གཏོད་ལམ་བུའང་ཁོང་གི་མིང་དང་འདྲ་བར་ལམ་ལྷོངས་བྱུང་ཞིང་།  རིན་ཆེན་རྩེ་ཤང་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྐུལ་ལྕག་ལ་བརྟེན་ནས་2017ལོར་བཀྲ་ཤིས་ཀྱིས་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་ཤར་རྒྱལ་ཨར་ལས་ཚོགས་ཆུང་བཙུགས་པ་དང་ལས་སྒོའི་ཁྱབ་ཁོངས་ཀྱང་ཆུ་ཡུར་ཉམས་གསོ་ཙམ་ནས་གཞུང་ལམ་དང་།  ཆུ་བེད། ཟམ་པ་ཆུང་གྲས་སོགས་ལ་རྒྱ་བསྐྱེད་པ་རེད།

ལོ་གཉིས་ཀྱི་གཉེར་སྐྱོང་བརྒྱུད། ད་ཆ་བཀྲ་ཤིས་ཀྱི་ཨར་ལས་རུ་ཁག་ལ་ལྡུག་འཁོར་2དང་།  རྐོ་འདྲུ་འཕྲུལ་འཁོར་2 ཕི་ཁ་རླངས་འཁོར་2 ཐོ་ཕྲུག་2 དོས་འཁོར་1 ཆུ་གཏོར་རླངས་འཁོར་1  བྱེས་བགྲོད་རླངས་འཁོར་1ཡོད་ཅིང་། ཨར་པོའི་ཡོ་བྱད་སྤྱིར་ན་ཅུང་འཐུས་ཚང་བྱུང་བ་དང་།  ཨར་ལས་ཀྱི་འཇོན་ཐང་ཡང་རང་སའི་དམངས་གཉེར་ཨར་ལས་དཔུང་ཁག་གི་རྩེ་གྲས་སུ་སླེབས་ཡོད་པ་རེད།

ཡུལ་མི་མ་བརྗེད་པར་ལྷན་དུ་འབྱོར་

འབྲིང་ཕྱོགས་སུ་བསྐྱོད་པ།

དབུལ་སྒྲོལ་ཕྱུག་འགྱུར་བྱུང་རྗེས།  བཀྲ་ཤིས་ཀྱིས་གྲོང་ཚོའི་ཡུལ་མི་དག་མ་བརྗེད་པར་ནམ་ཡང་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ལྟ་རྟོག་དང་དོ་ཁུར་བྱེད་ཀྱི་ཡོད།  དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁང་པ་རྒྱག་པའི་དངུལ་མི་འདང་བའི་སྐབས་ལམ་སེང་སྒོར་2000ཞལ་འདེབས་བརྒྱབ་པ་དང་།  གྲོང་ཚོའི་དུད་ཚང་དབུལ་པོ་ཚེ་རིང་ལ་གློ་བུར་དུ་རྐྱེན་ངན་ཕྲད་ནས་དངུལ་ཁང་གི་དངུལ་བུན་འཇལ་ཐབས་མེད་དུས་ཁོང་གིས་རང་འགུལ་ངང་སྒོར་30809.32ཀྱི་དངུལ་བུན་འཇལ་ནས་དཀའ་ངལ་སེལ་རོགས་བྱས་ཁར།  གྲོང་ཚོའི་མཉམ་སྡེབ་ཀྱི་ཡིད་རྟོན་དང་སྤྱི་མོས་ཐོབ་ཚད་ལའང་སྲུང་སྐྱོང་བྱས་ཡོད།  ལོ་གསར་དང་དུས་ཆེན་གཏོང་རིམ་བཞིན་བཀྲ་ཤིས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་སྤྲོད་ཀྱི་ཡོད་ཅིང་།  ལོ་དུ་མའི་རིང་འཚམས་འདྲིའི་དངོས་པོ་སྣ་ཚོགས་དང་འཚམས་འདྲིའི་དངུལ་སྨར་རིམ་རྩིས་བྱས་ན་ཁྱོན་མི་དམངས་ཤོག་སྒོར་ཁྲི་3ལྷག་སྤྲད་ཡོད་པ་རེད།

བཀྲ་ཤིས་ཀྱིས་ཨར་ལས་གཉེར་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བར་བརྟེན།  ལ་སྒང་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཁོང་ལ་ཕྱུགས་འགྱུར་གྱི་ཐབས་ལམ་བློ་འདྲི་ཡང་ཡང་བྱེད་ལ།  ཁོང་གིས་གང་ཤེས་ཐམས་ཅད་མ་གསང་པར་ཤོད་པ་དང་འབྲེལ་ཨར་ལས་ངལ་ནུས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡང་མཁོ་འདོན་བྱེད་པ་དང་།  ཁོང་གི་ཤུགས་རྐྱེན་དང་སྐུལ་ཁྲིད་ལ་བརྟེན་ནས་ལ་སྒང་གྲོང་ཚོའི་གཞོན་དར་ངལ་རྩོལ་བ་མང་པོ་ཨར་ལས་ལ་ཞུགས་པ་མ་ཟད།  ཨར་ལས་ངལ་ནུས་བརྒྱུད་ནས་ཕྱུག་པོར་གྱུར་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།