ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-13 17:55:42

ཟླ་6ཚེས་10ཉིན་གྱི་སྔ་དྲོ།  ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་།  འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་སྐུལ་སློང་གསུང་བཤད་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་10ཉིན་གནས་ཚུལ་འབྱོར་གསལ།  ཚེས་10ཉིན་གྱི་སྔ་དྲོ།  ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་སྐུལ་སློང་གསུང་བཤད་གནང་ཞིང་།  ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ།  “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ།  སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན།  བྱེད་ཐབས་གཙོ་བོ་བཅས་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན།  བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་དང་སྤུས་ཚད་མཐོ་པོས་སྤེལ་རྒྱུར་སྐུལ་འདེད་གཏོང་བ།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པ།  གཡུར་ཟའི་གྲུབ་འབྲས་ལ་བརྟེན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་རང་ལྗོངས་ཀྱི་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་ཏུའུ་ཡུས་ཤིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་གཞོན་པ་ཀྲང་པེ་རུའུ་བཅས་ཚོགས་འདུར་ཞུགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཅང་ཅེ།  སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཕེབས་པ་དང་།  རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་ལེགས་མཆོག་དང་པ་སངས་ཀྱང་ཞུགས་པ་རེད།

ཝུའུ་དབྱིང་ཅེས་གསུངས་དོན།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ།

 ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་།  རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག  རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད་ལ་ཡིད་ཆེས་བྱེད་ས་དང་།  ཏང་སེམས་འཆང་ས། དམངས་སེམས་ཕྱོགས་ས།  ཆོད་སེམས་ལས་བྱུང་བ་བཅས་ཀྱང་ཡིན་པས་དུས་དང་འཚམ་པ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་མཐོང་རྒྱ་ཡངས་པོ་ཡོད་པ་མ་ཟད།  བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་རྒྱས་བཤད་གནད་ལ་འཕིགས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་།  དམིགས་ཚད་ལས་འགན།  བྱེད་ཐབས་གཙོ་བོ་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་དོན་འཁྱོལ་ལ་བླང་བྱ་ཁ་གསལ་བཏོན་པར་ཆབ་སྲིད་ཀྱི་རང་བཞིན་དང་།  བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན།  མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པ་དེས་ང་ཚོས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་།  བརྗོད་བྱའི་སྙིང་པོ་ཁོང་དུ་ཆུད་པ།  བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སེམས་གཏིང་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བྱེད་ཐབས་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་།  ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་།  མཐར་ཕྱིན་པ་ཤེས་པ།  དོན་འཁྱོལ་ཏན་ཏིག་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས།  འདི་ནི་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་དང་།  ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་ནང་ངོས་ཀྱི་བླང་བྱ།  བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་བཅས་ཡིན་པས་ཆབ་སྲིད་ཀྱི་རང་རྟོགས་དང་།  བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་།  བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དང་།  སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད།  དམངས་འཚོ་འགན་ལེན་དང་ལེགས་གཏོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐའ་མཚམས་འཛུགས་སྐྲུན་མགྱོགས་སུ་གཏོང་བ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་བཤེར་བརྟག་དཔྱད་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་།  བརྗོད་དོན་གཙོ་བོར་དམིགས་པ་དང་འགག་རྩ་ཁོང་དུ་ཆུད་པ་དང་།  “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ།  དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ།  དམིགས་ཚད་ལས་འགན་ཁོང་དུ་ཡང་དག་ཆུད་པ། བྱེད་ཐབས་གཙོ་བོ་དོན་འཁྱོལ།  རང་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ།  གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ནས“གཏན་འཁེལ་བྱ་སྤྱོད”དོན་འཁྱོལ་བྱེད་དགོས་ལ་བསམ་ཕྱོགས་གསར་འབྱེད་ཀྱིས“རང་འདེམས་བྱ་སྤྱོད”གསར་གཏོད་ཀྱང་བྱས་ཏེ་བཀྲག་མདངས་འཚེར་ས་མང་ཙམ་མངོན་པ་དང་ཉམས་མྱོང་མང་ཙམ་གསོག་ཐུབ་པའི་བརྩོན་ལེན་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།  རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཉིན་རེའི་གྲོས་རིམ་ནང་འཇུག་པ་དང་།  འགོ་ཁྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ།  བཀོད་སྒྲིག་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།  ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་དང་།  བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་དུས་ཐོག་ཏུ་གོང་ཞུ།  བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་པ། མཛུབ་ཁྲིད་ཚོགས་ཆུང་གི་སྐོར་ཞིབ་མཛུབ་ཁྲིད་དང་།  སྐབས་བསྟུན་འཐེན་བཤེར།  བརྟག་ཞིབ་བཅར་གླེང་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས།  གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག  བརྗོད་དོན་གཙོ་བོའི་སློབ་གསོ་དང་གཙོ་གནད་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད།  བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་སྤེལ་རིང་འཕེལ་བའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས“སྲུང་སྐྱོང་གཉིས”ཐུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་རང་འཁྲིའི་འགན་འཁྲི་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་ཏན་ཏིག་སྒྱུར་དགོས།  རྣམ་པ་བཟང་པོ་བཏོད་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་འགན་ལེན་ནུས་ལྡན་བྱེད་དགོས།

མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐད།  ཏུའུ་ཡུས་ཤིན་གྱིས།  རྩ་བའི་ལས་འགན་ཡིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་མངོན་གསལ་དོད་ཤོས་ཀྱི་གཙོ་རྐང་དུ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་དོན་འཁྱོལ་བྱེད་དགོས།  སྤྱིའི་བླང་བྱ་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་སློབ་གསོ་སློབ་སྦྱོང་དང་གནད་དོན་ཞིབ་བཤེར་བྱེད་རིང་ཐོག་མའི་བསམ་འདུན་རྟོགས་པ་དང་ཐོག་མའི་བསམ་འདུན་སྲུང་བ་དང་།  དག་ཐེར་དོན་འཁྱོལ་དང་གནད་དོན་ཐག་གཅོད་བྱེད་རིང་བྱས་རྗེས་འཇོག་ཕོད་པ་དང་འགན་འཁྲི་ལག་བསྟར་བཅས་བྱེད་དགོས།  ཞིབ་ཕྲའི་དམིགས་ཚད་ལྔ་ལ་དམ་པོར་དམིགས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐད་ཕན་འབྲས་དོན་གཉེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།  སློབ་གསོ་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་བཤེར།  དག་ཐེར་དོན་འཁྱོལ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་དང་།  སྦྱོང་སྤྱོད་ཟུང་འབྲེལ་དང་ཞིབ་བཤེར་བརྟག་དཔྱད་འབྲེལ་མཐུད་བྱེད་པ།  བསམ་བློའི་རང་རྟོགས་ལ་བརྟེན་ནས་བྱ་སྤྱོད་ཀྱི་རང་རྟོགས་ལ་སྣེ་ཁྲིད་བྱེད་པ།  བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་བསམ་བློའི་རང་རྟོགས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།  ཕྱི་ཚུལ་རིང་ལུགས་གཏན་འགོག་ཤུགས་ཆེན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།  དམ་པ་དོན་གཉེར་མཐའ་འཁྱོངས།  བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་སྤེལ་བྱེད་སྟངས་ལེགས་གཏོང་།  དགོས་མེད་གུས་ལུགས་ཉུང་གཏོང་།  གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱེད་དགོས་པ་དང་།  སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཡག་པོ་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།