སྣེ་ཁྲིད་དེ“ཡིག་ཆ་དང་ཚོགས་འདུ་རྫོགས་དུས་མེད་པའི”སྣང་ཚུལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-11 16:25:34

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  “མ་ཡིག་གི་བྱེད་ཐབས་རྣམས་ཅུང་རྩ་དོན་ཆེ་བ་དང་། ཁ་གསལ་མེད་པ།  དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་མེད་པས་གཞི་རིམ་ལ་སྤྲད་ཀྱང་མགོ་བོ་འཐོམས་ཉེན་ཆེ་བ་མ་ཟད།  ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་བྱས་པའི་དོགས་པ་ཡོད་རིགས་ལ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་སྔར་བས་གཏིང་ཟབ་བྱས་ཏེ་གོང་རིམ་གྱི་དགོངས་དོན་གོ་བ་ལོན་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་སུ་སྤྱོད་གོ་ཆོད་པ་དང་།  བཀོལ་སྤྱོད་བདེ་བ།  ཞིབ་དཔྱད་ཆོག་པ་བཅས་ཀྱི་བྱེད་ཐབས་འགའ་བཏོན་ཚེ་གཞི་རིམ་གྱིས་ལས་དོན་སྤེལ་བར་མཛུབ་ཁྲིད་ཐུབ་རྒྱུར་ཕན”ཞེས་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་ལས་སྒོ་ཁང་ཁག་གཅིག་གིས་མ་ཟིན་བཀོད་པའི་ཡིག་ཆར་པུའུ་ལས་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་སྐབས“འབྲི་མཚམས་འཇོག་དགོས་པའི”བརྡ་ཡང་ཡང་བཏང་ནས་ཚང་མས་པུའུ་ལས་དོན་ཚོགས་འདུས་སྣེ་ཁྲིད་དེ་ཡིག་ཆ་དང་ཚོགས་འདུ་རྫོགས་དུས་མེད་པའི་གནད་དོན་བཅོས་སྒྲིག་ཐད་ཆོད་སེམས་བཞག་པ་དང་བྱ་ཐབས་དངོས་སྤྱད་པ་དངོས་སུ་ཚོར་བར་བྱས་པ་རེད།

“ཚོགས་འདུ་དང་ཡིག་ཆ་མང་བ་དང་ཞིབ་བཤེར་མང་བ”ནི་མིག་སྔར་གཞི་རིམ་གྱིས་བསམ་འཆར་འདོན་མང་ཤོས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད།  ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་2019ལོ་འདི“རྩ་འཛུགས་ཁོངས་གཏོགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལོར”གཏན་འཁེལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་གཏན་འགོག་གང་ཐུབ་དང་སྣེ་ཁྲིད་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཉིད་རྩ་འཛུགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་ལེན་ནན་པོ་བསྟར་བ།

ཚོགས་འདུ་དང་ཡིག་ཆ་ཁུ་བསྡུ་ཚད་བརྒལ་སར་བྱེད་པ།  ཉུང་གཏོང་ལ་ཤུགས་སྣོན་རྒྱག་པ། “ཕན་འབྲས་ཆེར་གཏོང”ལ་བྱ་ཐབས་དངོས་འདོན་པ།  གཞི་རིམ་ལས་བྱེད་པ་རྣམས་ཡིག་ཆ་དང་ཚོགས་འདུ་རྫོགས་དུས་མེད་པ་དང་། ཕྱི་ཚུལ་མང་དྲགས་པ།  ལྟ་སྐུལ་ཞིབ་བཤེར་མང་དྲགས་པ།  འགན་འཁྲི་བདའ་འདེད་གང་བྱུང་བྱེད་པ་སོགས“ཟོལ་རྩོལ”གྱི་ཁུར་པོའི་ཁྲོད་ནས་ཐར་བ་བཅས་བྱས་ཏེ་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་ལས་སྒྲུབ་ལས་གཏོད་དང་དངོས་སྒྲུབ་འགན་འཁུར་ལ་འཇོག་ཐུབ་པ་བྱེད་དགོས།

“དགོས་ངེས་དང་གོ་ཆོད”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཡིག་ཆ་ཉུང་ཙམ་སྤྲོད་པ་དང་གོ་ཆོད་པའི་ཡིག་ཆ་དངོས་སུ་སྤྲོད་ཐུབ་པ་བྱེད་དགོས།  ཡིག་ཆ་ཧ་ཅང་མང་བ་ལས་གཞི་རིམ་གྱི་ལས་བྱེད་པས་སློབ་སྦྱོང་ལག་བསྟར་ཐད་མི་ཁོམ་མི་ལྕོགས་པ་ནི་ཕྱི་ཚུལ་རིང་ལུགས་ཀྱི་དཔེ་མཚོན་ཞིག་རེད།  གནད་དོན་འདིར་དམིགས་ནས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་བྱ་སྤྱོད་མྱུར་སྤེལ་དང“རྩ་བརྟག་ནད་དཔྱད”ཀྱིས“ཐབས་བཟང”མང་ཙམ་བཏོན་ཏེ“གཅོང་ནད”མཐའ་གཅིག་ཏུ་སེལ་དགོས།  གཅིག་ནས“འཆར་གཞིའི་འགག་སྒོ”ནན་པོ་བསྲུངས་ཏེ་ཡིག་ཆ་སྤྲོད་པའི་འཆར་གཞིའི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ལོ་འཁོར་གྱི་ཡིག་ཆ་སྤྲོད་པའི་འཆར་གཞིར་བཀོད་མེད་པའི་ཡིག་ཆ་རྩ་དོན་ཐོག་མི་སྤྲོད་པ་དང་།  གཉིས་ནས“རྒྱུ་མཚན་འགག་སྒོ”ནན་པོ་བསྲུངས་ཏེ་གོ་ཆོད་པའི་ནང་དོན་མེད་རིགས་དང་།  གོང་རིམ་གྱི་ཡིག་ཆ་དང་ཆ་འདྲ་ཡིན་པའམ་ཡང་ན་ད་ལྟ་སྤྱོད་མུས་ཀྱི་སྲིད་འཛིན་གཏན་འབེབས་བསྐྱར་ཟློས་བྱས་པའི་རིགས།  དམ་པ་དོན་གཉེར་དང་གོ་ཆོད་ཀྱི་བྱེད་ཐབས་བཏོན་མེད་པའི་རིགས་མཐའ་དག་མི་སྤྲོད་པ།  གསུམ་ནས“ཡིག་ཚོགས་ཀྱི་འགག་སྒོ”ནན་པོ་བསྲུངས་ཏེ་བབ་ཆགས་དང་ཁམས་དྭངས་བའི་ཡིག་སྲོལ་དར་སྤེལ་བཏང་ནས་སྐད་ཆ་ཉུང་བསྡུས་དང་ཚིག་རོ་མི་ཤོད་པར་ཚིག་ཉུང་དོན་གསལ་དང་དམ་པ་དོན་གཉེར་ཡོང་བའི་བརྩོན་ལེན་བྱེད་དགོས།  ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ལོ་འཁོར་གནད་འགག་འགྲེམས་པར་ཆ་བཞག་ན་ན་ནིང་གི་ཡིག་འབྲུ་7250ནས་འདི་ལོའི་4460བར་ཉུང་དུ་བཏང་བ་རེད།

“དངོས་སྒྲུབ་དང་ཕན་ཆེ”མཐའ་འཁྱོངས་བྱས་ཏེ་ཚོགས་འདུ་ཉུང་ཙམ་འཚོག་པ་དང་།  ཚོགས་འདུ་ཐུང་ཙམ་འཚོག་པ། གོ་ཆོད་ཚོགས་འདུ་འཚོག་པ་བཅས་བྱེད་དགོས།  ཚོགས་འདུ་འཚོག་པ་དང་། རིམ་པ་བཞིན་འཚོགས་པ།  ཉིན་ལྟར་ཚོགས་འདུར་ཞུགས་པ་བཅས་ཀྱིས་རྒྱ་ཆེའི་ལས་བྱེད་པའི་དུས་ཚོད་འབོར་ཆེན་ཞིག་འཕྲོ་བརླག་འགྲོ་བར་གཞི་རིམ་གྱིས“འཁང་ར”མང་ཤོས་བྱེད།  ལྗོངས་ཏང་ཨུད་རྩ་འཛུགས་པུས་རང་རྟོགས་ངང་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་གྱི་རེ་སྒུག་ལ་དམིགས་ནས་སྒྱུར་བཅོས་དངོས་སུ་བྱས་ཏེ་ཚོགས་འདུའི་ཚད་གཞི་དང་།  གཞི་ཁྱོན། དུས་ཚོད་བཅས་ལ་ཚོད་འཛིན་ནན་པོ་བྱས་ནས་ཚོགས་འདུ་ཉུང་ཙམ་འཚོག་པ་དང་།  ཚོགས་འདུ་ཐུང་ཙམ་འཚོག་པ། གོ་ཆོད་ཚོགས་འདུ་འཚོག་པ་བཅས་བྱས་ཡོད་པ།  གཅིག་ནས“འཐེན་ཐབས”ཡག་པོ་སྤྱད་དེ་འཚོགས་ཀྱང་རུང་ལ་མ་འཚོགས་ཀྱང་རུང་བའི་ཚོགས་འདུ་མཐའ་དག་མི་འཚོག་པ་དང་།  འཚོག་དགོས་པའི་ཚོགས་འདུ་ཟླ་སྒྲིལ་གཏོང་གང་ཐུབ་དང་སྟབས་བདེ་རུ་གཏོང་གང་ཐུབ་ཀྱིས་འཚོག་ཐེངས་ཉུང་དུ་དང་དུས་ཚོད་ཐུང་དུ་ཤུགས་ཆེན་གཏོང་དགོས་པ་དཔེར་ན།  “ཚོགས་མང་གཅིག་སྒྲིལ”གྱི་རྣམ་པ་བརྒྱུད་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་།  པུའུ་དོན་ཚོགས་འདུ།  ལས་དོན་གྱི་ཆེད་དོན་ཚོགས་འདུ་བཅས་ཟླ་སྒྲིལ་བཏང་ནས“དེ་སྔ་ཚོགས་འདུ་གསུམ་ཉིན་ཕྱེད་གསུམ་འཚོག་དགོས་པ་ནས་ད་ཆ་ཉིན་ཕྱེད་ལ་ཚོགས་འདུ་གསུམ་འཚོག་པའི་བར”བསྒྱུར་ཡོད།  གཉིས་ནས“སྣོན་ཐབས”ཡག་པོ་སྤྱད་དེ་འཚོག་མི་དགོས་པའི་ཚོགས་འདུ་ཉུང་དུ་གཏོང་བ་དང་དུས་མཚུངས་ལས་ཀའི་དགོས་མཁོ་དངོས་ནས་འགོ་བཙུགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ཐུང་བ་དང་།  གོ་ཆོད། མྱུར་བ”བཅས་ཀྱི་ཐུག་འཕྲད་ཚོགས་འདུ་ཁག་གཅིག་གསར་གཏོད་བཀོད་སྒྲིག་བྱས་པ་དང་།  གཟའ་འཁོར་རེའི་གཟའ་ཟླ་བའི་སྔ་དྲོའི་ཆུ་ཚོད་གཅིག་རིང་པུའུ་དོན་ཚོགས་འདུའི་ཁོངས་མིའི་ཐུག་འཕྲད་ཚོགས་འདུ་འཚོགས་ཏེ་འདས་ཟིན་པའི་གཟའ་འཁོར་གཅིག་གི་ལས་དོན་དོན་འཁྱོལ་གནས་ཚུལ་ལ་ཕྱོགས་སྡོམ་དང་གཟའ་འཁོར་འདིའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ནས་འཆར་གཞི་རིང་པོ་འགོད་པ་དང་བཀོད་སྒྲིག་ཐུང་ངུ་བྱས་ཡོད།  གསུམ་ནི“སྒྱུར་ཐབས”ཡག་པོ་སྤྱད་དེ་ལས་ཀའི་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་ལ་བརྙན་ལམ་ཚོགས་འདུའི་རྣམ་པར་བརྟེན་ནས“དབྱུག་པ་གཅིག”རྫོང་དང་ཆུས་ཀྱི་རིམ་པ་དང་པོར་སྲིང་གང་ཐུབ་བྱེད་པ་དང་།  ས་ཁུལ་དང་། གྲོང་ཁྱེར།  རྫོང་ཆུས་བཅས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་ཚོགས་ར་གཙོ་བོར་མི་མངགས་ནས་ཞུགས་པའི་བླང་བྱ་མི་འདོན་པས་གཞི་རིམ་ལས་བྱེད་པའི་དཀའ་སྡུག་ཆུང་དུ་སོང་བ་དང་རིམ་པ་བཞིན་ཚོགས་འདུ་ཡང་འཚོག་མི་དགོས་པར་གྱུར།  བརྙན་འཕྲིན་ཁ་པར་ཚོགས་འདུའི་བྱེད་ཐབས“1+7”སྨན་ཁང་གི་དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བའི་ལས་དོན་བཞུགས་མོལ་ཚོགས་འདུ་དང་ལས་བྱེད་མི་དོན་གྱི་ཡིག་ཚགས་ལས་དོན་ལས་སྒོའི་གསོ་སྦྱོང་ཚོགས་འདུ་སོགས་འཚོགས་ཏེ་ཆུས་དང་།  གྲོང་ཁྱེར།  རྫོང་བཅས་ཀྱི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་གོམ་སྟབས་གཅིག་མཚུངས་ངང་ཚོགས་འདུ་ཉན་པ་དང་སློབ་སྦྱོང་བྱེད་དགོས།  བཞི་ནི“བགོ་ཐབས”ཡག་པོ་སྤྱད་དེ་ལས་ཀ་དོན་འཁྱོལ་ལེགས་མིན་དང་ཚོགས་འདུའི་མང་ཉུང་ལ་མི་ལྟ་བའི་ལྟ་ཚུལ་རྒྱུན་འཁྱོངས་ཏེ་ཁ་པར་དང་།  བརྙན་སྐྱེལ། ཡིག་ཟམ། སྲིད་དོན་དྲ་བ།  རྩ་འཛུགས་ལས་ཀའི་དྲ་བ་སོགས་སྟབས་བེད་སྤྱད་ནས་གསལ་པོ་ཤོད་ཐུབ་རིགས་ལ་གཞི་རིམ་གྱི་བློ་མཐུན་རྣམས་བསྐོངས་ནས་ཚོགས་འདུ་འཚོག་མི་རུང་།

བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་རིང་།  ལྗོངས་ཏང་ཨུད་རྩ་འཛུགས་ལས་ཁུངས་ཀྱིས་ཡིག་ཆ་སྤྲོད་པ་དང་ཚོགས་འདུ་འཚོག་པའི་གྲངས་འབོར་སོ་སོར་52%དང་50%ཉུང་དུ་ཕྱིན་ཡོད།  ཚོགས་འདུ་ཧྲག་བསྡུས་དང་ཡིག་ཆ་ཉུང་འཕྲི་བྱས་ཀྱང་སྒྲུབ་འོས་པའི་དོན་དག་ལ་དལ་འགོར་གྱི་གནས་ཚུལ་ཕྲན་ཙམ་ཡང་བྱུང་མེད་ཅིང་ཐག་གཅོད་དགོས་པའི་གནད་དོན་སྔར་བས་མྱུར་བར་ཐག་གཅོད་ཐུབ་ཡོད།  ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་པུའུ་ལས་ཁུངས་ཀྱི་ཡིག་སྲོལ་དང་ཚོགས་སྲོལ་ལ་གྱུར་པ་བྱུང་བ་མ་ཟད།  པུའུ་ལས་ཁུངས་དང་གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་པའི་དགའ་བསུ་དང་བསྔགས་བརྗོད་ཀྱང་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།