གོང་འོག་མཉམ་འགུལ་གྱིས་ས་མཐོའི་དགུང་སྔོན་སྲུང་སྐྱོང་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-11 16:25:31

QQ截图20190611160415.png

ཉིན་ཤས་གོང“མཛེས་སྡུག་ལྡན་པའི་ཀྲུང་གོ  ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁོར་ཡུག་ཉིན་མོའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།  དེའི་རིང་རང་ལྗོངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་།  རྒན་གཞོན་ལག་གདང་སྦྲེལ་བ གནམ་སྔོ་ཆུ་དྭངས་མཉམ་དུ་སྲུང་སྐྱོང་གི་ཆ་སྒྲིག་པ།  ཁོར་ཡུག་སྲུང་སྐྱོང་གི་ཁྲོམ་གཞུང་དྲིལ་བསྒྲགས།  ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཁོར་ཡུག་སྲུང་སྐྱོང་གི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར།  ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྤྱི་དམངས་ལ་སྒོ་དབྱེ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས།  མི་རྣམས་ལ“ང་ཚོ་ཚང་མས་ཁོར་ཡུག་སྲུང་སྐྱོང་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བའི་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་བསྐྲུན་རྒྱུར་ཁྲིད་སྟོན་བྱས་པ་རེད།

2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་།  ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཚད་གཞི་དང་འཚམ་པའི་འཁོར་སྤྱོད་རླངས་སྣུམ་དང་འཁོར་སྤྱོད་ཁྲའེ་སྣུམ་མཁོ་སྤྲོད་བྱས་པ་དང་།  ལྷ་ས་དང་ཉིང་ཁྲི་ནི་སྦགས་བཙོག་ཆེ་བའི་འབུད་རྫས་སྤྱོད་མི་ཆོག་པའི་ས་ཁུལ་ལ་གཏན་འཁེལ་གྱིས།  བསང་བཏང་ནས་རླུང་ཁམས་ཆེན་པོའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་ཐད་ཞིབ་འཇུག་བྱས་ཏེ་མང་ཚོགས་ཀྱིས་ཡ་རབས་ངང་བསང་གཏོང་རྒྱུར་ཁྲིད་སྟོན་བྱས་པ།  གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་བ་དེས་བོད་ཀྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ཐད་ཞིབ་འཇུག་བྱེད་འགོ་ཚུགས་པ།  ལྗོངས་ཡོངས་ཀྱི་ཨར་སྐྲུན་བྱ་ཡུལ་ནས་ཐོན་པའི་ཐལ་རྡུལ་གྱི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།  སྨི་ངོས་གྲུ་300ཡན་གྱི་བཟའ་བཏུང་ཁེ་ལས་464ལ་སྣུམ་གྱི་དུ་དྲེག་གཙང་སེལ་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་པ་རེད།

བརྟག་དཔྱད་བྱས་པ་ལས་མངོན་གསལ།  བོད་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་གི་ཡོང་ཁུངས་གཙོ་བོ་ནི་ཐལ་རྡུལ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཡིན་པ་རེད།  རང་ལྗོངས་འདི་ཉིད་སྔར་བཞིན་རླུང་ཁམས་ཆེན་པོའི་ཁོར་ཡུག་སྔོན་ལ་སྦགས་བཙོག་བཟོ་བ་དང་རྗེས་སུ་བཅོས་སྒྲིག་བྱེད་པའི་ལོག་ལམ་དུ་མ་སྐྱོད་པར་བོད་ལྗོངས་ས་མཐོའི“དགུང་སྔོན་སྤྲིན་དཀར་དང་སྐར་ཚོགས་ཆེམ་ཆེམ”སྲུང་སྐྱོང་བྱ་ཆེད།  2018ལོར་རང་ལྗོངས་ཀྱིས་ཆེད་མངགས《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》བཟོས་ནས་བཏོན་པ་རེད།

སྲོལ་ཡིག་དེ་བཟོ་སྐབས་རང་ལྗོངས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ་ང་ཚོས་གོ་ཆོད་པའི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱ་ཐབས་མང་པོ་སྤྱད་པ་དཔེར་ན།  ཤིང་འཛུགས་ནགས་བཟོ་དང་།  ‘ལྗོན་ཤིང་མེད་པའི་དུད་ཚང’དང‘ལྗོན་ཤིང་མེད་པའི་གྲོང་ཚོ’ཚང་མར་ལྗོན་ཤིང་ཡོད་པ་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ཐལ་རྡུལ་འགོག་བཅོས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དེ་ཁྲིམས་སྲོལ་དང་གཏན་འབེབས་སུ་གྱུར་བར་བྱས་པ་རེད།

2018ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་བྱུང་སྟེ་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་98.2%ཡིན་པ་དང་།  དེའི་ནང་གྲོང་ཁྱེར(ས་ཁུལ)བདུན་གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་ཆ་སྙོམས་96%ཡན་ཟིན་ནས།  ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་98.4%ཟིན་པ་དང་།  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་98.6%ཟིན་པ།  ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་96.4%ཟིན་པ།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་100%ཟིན་པ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་99.7%ཟིན་པ།  ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་96.9%ཟིན་པ།  མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་97.5%ཟིན་ཡོད།  ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།