ཉིང་ཁྲིས་ཏང་ཡོན་ལས་བྱེད་པའི་ཉེན་ཟོན་སློབ་གསོ་ཏན་ཏིག་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-11 16:25:30

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ།  འདི་ལོ་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་ཉེན་ཟོན་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་ཡག་པོ་སྔར་བས་གཏོད་པ་དང་།  དཔུང་ཁག་གི་རུལ་རྒོལ་འགྱུར་འགོག་འཇོན་ཐང་ཆེ་རུ་གཏོང་བ།  ཏང་ཡོན་ལས་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་པ་རེད།

སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ།  རུལ་རྒོལ་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་།  ལྷག་པར་དུ་ཏང་སྲིད་འགན་འཁུར་བ་གཙོ་བོས་སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་ཁྲིད་ནས་སྤྱོད་གཙང་སྲིད་སྐྱོང་གི“བསླབ་བྱ”ཐོག་མཐའ་བར་གསུམ་དུ་ཏང་ཡོན་ལས་བྱེད་པར་གཏོང་བ་དང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་སྲོལ་རྟོགས་པ་དང་། དེར་གུས་སྐྲག  ནན་སྲུང་བཅས་བྱེད་དུ་བཅུག་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ།  འགོ་ཁྲིད་ལས་བྱེད་པའི་ཡང་དག་པའི་དབང་ཆའི་ལྟ་བ་དང་།  སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། བློ་སྦྱོང་ནན་པོ་དང་། རང་གཅུན་ནན་པོ།  དབང་ཆ་བེད་སྤྱོད་མཁས་པོ་བཅས་བྱེད་པ།  དད་མོས་ཀྱི་རྨང་གཞི་བརྟན་གཏོང་དང་བསམ་བློའི་འཚོ་བཅུད་ཀལ་འདང་ངེས་གསབ་རྒྱུ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་པ་རེད།  འདི་ལོ་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགན་འཁུར་བ་གཙོ་བོས་སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་ཐེངས་180ལྷག་ཁྲིད་པར་ཏང་ཡོན་ལས་བྱེད་པ་མི་ཐེངས་6000ལྷག་ལ་སློབ་གསོ་ཐེབས་ཡོད་པ་རེད།

ཉེན་ཟོན་སློབ་གསོའི་གློག་བརྙན་བལྟ་རྒྱུ་སྒྲིག་འཛུགས་བྱས་པ། འདི་ལོ་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ《བོད་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ》དང་།  《བོད་དུ་རུལ་སུངས་བྲོས་འདེད་བྱེད་པ》།  《ཉིང་ཁྲིའི་སྲིད་གཙང་སྤྱོད་གཙང》སོགས་ཀྱི་རུལ་རྒོལ་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོའི་འོད་སྡེར་650ལྷག་སྤྲད་པ་དང་།  སྡེ་ཚན་ཁག་གིས་མི་ཐེངས་1200ལྷག་སྒྲིག་འཛུགས་བྱས་ཏེ་གློག་བརྙན་བལྟས་པས་ལས་བྱེད་དང་ལས་བཟོ་ཁྲི་5ལྷག་ལ་སློབ་གསོ་ཐེབས་ཡོད་པ་རེད།

མིག་སྔའི་བར་དུ།  མངགས་གཏོང་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གིས་བཅའ་སྡོད་སྡེ་ཚན་ཁག་ལ་ཆད་གཅོད་གཏན་འབེབས་ཐེངས་30ལྷག་སྒྲོག་སྦྱངས་བྱས་ཏེ།  ལས་བྱེད་པ་དང་ལས་བཟོ་མི་གྲངས་1200ལྷག་ལ་སློབ་གསོ་ཐེབས་ཡོད་པ་རེད། རྨང་གཞི་དེའི་ཐོག  ཉིང་ཁྲི་གྲོང་ཁྱེར་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི“སྐད་འཕྲིན་གཉིས་དང་དྲ་རྒྱ་གཅིག”བེད་སྤྱོད་གང་ལེགས་བྱས་ཏེ་དུས་བཀག་ལྟར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྲིད་གཙང་འཕྲིན་ཐུང་དང་ཆ་འཕྲིན་བསྐུར་ནས་སྤྱོད་གཙང་གཞུང་དྲང་གི་རྣམ་པ་ཤུགས་ཆེན་བཏོད་ཡོད།  འདི་ལོ་ཚུན་དུ།  སྲིད་གཙང་གི་འཕྲིན་ཐུང་དང་ཆ་འཕྲིན་ཁྱོན་5000ལྷག་བསྐུར་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།