《ནག་ཆུ་གྲོང་ཁྱེར་གྱི་གེ་སར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འཆར་འགོད》རྩོམ་བཟོ་བྱེད་འགོ་ཚུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-11 16:25:24

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།  ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་ནས《ནག་ཆུ་གྲོང་ཁྱེར་གྱི་གེ་སར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུར)རིགས་པས་ཁུངས་སྐྱེལ་བྱས་པ་དེ་ཐོག་ནས་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དང་འབྲེལ་བ་ཡོད་པའི《འཆར་འགོད》དངོས་སུ་བཟོ་འགོ་ཚུགས་པ་མཚོན་ཡོད།

《ནག་ཆུ་གྲོང་ཁྱེར་གྱི་གེ་སར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འཆར་འགོད》དེ་ཁྱོན་རྣམ་གྲངས་ཁག་50ལྷག་ཙམ་དང་འབྲེལ་བ་དང་།  དེས་གཙོ་བོ་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རིག་གནས་ཀྱི་ངེས་གནས་དང་།  རྒྱུན་འཛིན་དང་སྲུང་སྐྱོང་།  འཕེལ་རྒྱས་གསར་གཏོད་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།《འཆར་འགོད》ནང་གེ་སར་གྱི་སྒྲུང་པ་དང་།  སྒྲུང་གི་སྒྱུ་རྩལ།  རིག་གནས་ཤུལ་བཞག་བཅས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་དམིགས་ཚད་ཁ་གསལ་བཟོས་ཡོད།  དེ་དང་ཆབས་ཅིག  ནག་ཆུ་གྲོང་ཁྱེར་གྱིས“གེ་སར་རིག་གནས(ནག་ཆུ)སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ”གྱི་འཆར་འགོད་བསམ་འཆར་རེ་ཞུ་བྱས་པ་རེད།  “གེ་སར་གྱི་སྒྱུ་རྩལ་པའི་དྲ་བ”དང་། སྐད་འཕྲིན་སྤྱི་རྟགས།  གྲངས་གཞི་འཚོལ་བསྡུ་དང་ཕབ་འཇུག་བཅས་ཀྱི་ལས་དོན་མཉམ་དུ་སྤེལ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།