ནག་ཆུས་ཁྲལ་རིན་གཉིས་གཅོག་ལས་དོན་དོན་འཁྱོལ་ཏན་ཏིག་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-11 16:25:24

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ།  ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་རིན་གཉིས་གཅོག་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས།  ཁྲལ་རིན་གཉིས་གཅོག་གི་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཏེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དང་བྱ་ཐབས་ཁག་ཆད་ལུས་མེད་པར་དམིགས་སར་འབྱོར་བའི་འགན་ལེན་བྱ་ཆེད།  ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཏང་ཨུད་ཀྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་པ་དང་ལམ་སྲོལ་བཟང་སྒྲིག་བྱས་ནས་ཁྲལ་རིན་གཉིས་གཅོག་ལས་དོན་གྱི་ལག་བསྟར་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གཟའ་འཁོར་རེར་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་ལས་དོན་ཕྱོགས་སྡོམ་དང་།  གནད་དོན་ཤེས་རྟོགས། དཀའ་ངལ་ཐག་གཅོད།  འཆར་འགོད་བཀོད་སྒྲིག་བཅས་བྱས་ནས་ལས་ཀའི་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

དེ་དང་དུས་མཚུངས།  ཅུས་དེས་ཐབས་ལམ་མང་པོ་བརྒྱུད་དྲིལ་བསྒྲགས་གསོ་སྦྱོང་དང་ཟུར་ཁྲིད་ལས་དོན་མུ་མཐུད་སྤེལ་ཞིང་།  མིག་སྔའི་བར། གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་1000ཟིན་ཡོད་པ་རེད།  ཁྲལ་དངུལ་རེ་ཞུའི་དུས་སྐབས་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་ཆེད།  རིམ་ཁག་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་གྱིས་ཆེད་མི་དང་ཆེད་མངགས་ལས་གནས་བཀོད་སྒྲིག་བྱས་ནས།  དང་ཐོག་འགན་འཁྲི་བདའ་འདེད་གཏོང་བ་དང་། དུས་བཀག་ལྟར་གཉེར་བ།  ཁྲལ་གཉེར་སྔོན་མངགས་བྱེད་པ། ཞབས་ཞུའི་དུས་ཚོད་རིང་དུ་གཏོང་བ།  ཁྲལ་འཇལ་མཛུབ་ཁྲིད་ཞབས་ཞུ་དང“མང་ཤོས་ལ་ཐེངས་གཅིག་ལས་སྐྱོད་མི་དགོས་པ”སོགས་ཀྱི་ཁྲལ་གཉེར་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་པས་ཁྲལ་འཇལ་བ་དང་གྲོན་སྐྱེལ་བའི་མོས་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱི་གཞི་རིམ་ཁྲལ་དོན་ལས་ཁུངས་ཁག་གིས་ཁྲལ་རིན་གཉིས་གཅོག་གི་ལས་དོན་ཏན་ཏིག་སྤེལ་ཡོད་པ་དང་།  ལྷ་རི་རྫོང་ཁྲལ་དོན་ཅུས་ལ་དཔེ་བཞག་ན། འདི་ལོའི་ལོ་སྟོད་ནས་བཟུང་།  གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་ས་ཟླ་རེའི་ཕྱིར་ཚོང་དངུལ་གྲངས་ཀྱི་སྒོར་ཁྲི་3ནས་སྒོར་ཁྲི་10བར་མཐོ་རུ་བཏང་ཞིང་།  མིག་སྔའི་བར།  རྫོང་ཁྲལ་དོན་ཅུས་ཀྱིས་གཟིགས་སྐྱོང་སྲིད་ཇུས་དེ་ལོངས་སུ་སྤྱོད་མཁན་ཁྲལ་འཇལ་བ་14ཡི་རེ་ཞུ་བདག་སྤྲོད་བྱས་ནས་གནས་ཐང་འཕར་ཁྲལ་གྱི་དངུལ་གྲངས་སྒོར་63,879.85ཆག་ཡང་བཏང་བ་རེད།  དེ་དང་ཆབས་ཅིག ཟླ་4ཚེས་1ཉིན་ནས་བཟུང་།  གནས་ཐང་འཕར་ཁྲལ་གྱི་ཁྲལ་བསྡུ་ཚད་16%ནས་13%བར་དང་10%ནས་9%བར་དམའ་རུ་བཏང་བ་དང་བསྟུན་ནས་རྫོང་དེའི་འཛུགས་སྐྲུན་ལས་རིགས་ལ་ཁྲལ་རིན་གཉིས་གཅོག་གི་ཕན་པ་ཆེན་པོ་ཐོབ་ནས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཆེན་པོ་ཐུབ་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་ཐུབ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།