ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-04 11:16:38

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་2ཉིན་གནས་ཚུལ་འབྱོར་གསལ།  ཟླ་5ཚེས་31ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སློབ་སྦྱོང་ཚོཌ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན།  ཀྲོང་ཡན། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས།  ལིའུ་ཅང་བཅས་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དེ་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་དང་།  མི་སེམས་གཏད་ཕྱོགས་དང་གཞི་རིམ་གྱི་སྲིད་དབང་བརྟན་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ།  རླབས་ཆེན་གྱི་འཐབ་རྩོད་སྤེལ་རྒྱུ་དང་རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན།  (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད།  རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་དང་འབྲེལ་བ་ཡོད་པ་མ་ཟད།  སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཏང་གི་དམིགས་ཡུལ་ལག་བསྟར་དང་།  དམངས་ལ་བདེ་སྐྱིད་དོན་གཉེར།  ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན་ཡོད།  ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་པོའི་ཐོག་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དང་།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པའི་ལག་ལེན་ནུས་ལྡན།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པའི་བྱེད་ཐབས་ནུས་ལྡན་བཅས་ལ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཚུན།  རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་།  ཆབ་སྲིད་ཀྱི་བདེ་འཇགས་ལ་གཞི་ཚུགས་ནས་བཀོད་ཇུས་འདིང་བ།  དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས། གཙོ་གནད་ལས་དོན་དོན་འཁྱོལ།  ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་སྤྱི་ཚོགས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་གསུངས་ཤིང་།  ཁོང་གིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་།  གཞི་རིམ་ལས་བྱེད་པ།  མི་རིགས་ཁག་གི་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།  རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་པའི་དོན་དངོས་ལ་གཞིགས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་འགོག་ཟོན་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།  མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད། སྙིང་རུས་གཏན་འཁྱོངས།  དངོས་ཐོག་བདེན་འཚོལ།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ་སྟེ།

གཅིག་ནས་བརྟན་ལྷིང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ནག་སེལ་གཤེད་བཅོམ་བྱེད་པ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་།  གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ།  འགན་འཁྲི་ཁུར་ཕོད་པ་དང་དོན་འཁྱོལ་ཐུབ་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར”སྐུལ་འདེད་བཏང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པ་དང་།

གཉིས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་།  དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་པ་ལས་ཐོན་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མེད་པར་བཟོ་བ།  མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པ་དང་བློ་གཅིག་སེམས་གཅིག་གིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་།  སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ།

གསུམ་ནས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ནག་ཚོགས་ཡོད་ཕྱིན་དེ་མེད་པར་བཟོ་བ་དང་།  གཤེད་མ་ཡོད་ཕྱིན་དེ་མེད་པར་བཟོ་བ།  ཟང་ཟིང་ཡོད་ཕྱིན་དེ་བཅོས་པ་བཅས་མཐའ་འཁྱོངས་བྱས་ཏེ་ཆེད་དོན་འཐབ་རྩོད་ཀྱི་སྤྱོད་ཚུལ་དངོས་སྒྲུབ་དང་སྐུལ་འདེད་ཏན་ཏིག་གཏོང་བ།  གྲུབ་འབྲས་དངོས་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ།

བཞི་ནས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་དང།  སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་སྟོབས་ཆེར་གཏོང་བ།  ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་དར་རྒྱས་གཏོང་བ།  སྒྲིག་ཁྲིམས་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་ནན་པོ་སྐྱོང་བ་བཅས་བྱས་ཏེ་ཕུགས་བསམ་དང་དད་སེམས་དང་།  འགན་འཁྲི་ཁུར་ཐུབ་པ། འཇོན་ཐང་ཡོད་པ།  སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་པ་བཅས་ཀྱི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ།

ལྔ་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གསར་གཏོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྟོབས་དང་ལྡན་པའི་གཞི་རིམ་རྩ་འཛུགས་སྔར་བས་བསྐྲུན་པ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ།  ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ།  འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་སྡུད་བཅོས་སྒྲིག་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ནག་སེལ་གཤེད་བཅོམ་དང་ཟིང་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས་པ་བཅས་རེད།

ཝུའུ་དབྱིང་ཅེས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འཆར་འགོད་ཞིབ་ཚགས་བྱས་ནས་ཏང་གི་དམིགས་ཡུལ་ལག་བསྟར་དང་།  ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར།  མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ།  མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ།  དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་རྒྱུ་མཐའ་འཁྱོངས།  སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་པ།  མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།  མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ།  མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ།  མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས།  བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་ཆེད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་།  སྲིད་གྲོས་བཅས་ཀྱི་ཏང་ཡོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་།  རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།