ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-04 11:16:37

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་2ཉིན་གནས་ཚུལ་འབྱོར་གསལ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཕེབས་ཏེ་བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།

ས་གནས་ས་ཐོག་ཏུ་ཏིང་ཡེ་ཤན་གྱིས་འགྲེམས་པང་ལ་གཟིགས་པ་དང་ལས་དོན་སྙན་སེང་གསན་ནས་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་དང་།  བྱེད་ནུས་ཁུལ་དབྱེ། ཨར་ལས་མྱུར་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།  རྣམ་གྲངས་སྐྲུན་རིང་འཕྲད་པའི་དཀའ་གནད་བཀའ་འདྲི་ཡང་ཡང་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་ལེགས་སྐྱེས་འབུལ་མཁན་གྱི་སྡེ་ཚན་དང་མི་སྒེར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་།  ཁོང་གིས་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ནི་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་རིང་གཏན་འཁེལ་གནང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་།  རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་བརྩོན།  ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ལ་བརྟེན་ནས་མིག་སྔར་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་དུས་ཐེངས་དབྱེ་བའི་འཛུགས་སྐྲུན་གྱི་འཆར་འགོད་ལུགས་མཐུན་དང་།  བྱེད་ནུས་སྦྲེལ་མཐུད།  བརྒྱུད་རིམ་ཇུས་འགོད་བཅས་དེང་རབས་ཅན་གྱི་སྨན་ཁང་འཛུགས་སྐྲུན་གྱི་ཇུས་འགོད་དང་འཚམ་པ་དང་དུས་འགོའི་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཡོད་ཅེས་གསུངས་པ་རེད།

ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་དང་ཏང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་ཁུར་བའི་མཐོ་ཚད་ཐོག་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།