དམངས་ཕྱུག་ཐོན་ལས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་དར་རྒྱས་ཡོང་བར་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-04 11:16:35

དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.5ཟིན་ནས་ཐད་ཀར་ལས་ཞུགས་ལས་གནས་270ལྷག་ཙམ་མཁོ་འདོན་ཐུབ་པ་དང་།  གཟན་རྩྭ་འདེབས་པ་དང་བཞོན་མ་གསོ་ཚགས་སོགས་ཕྱོགས་གཞན་ཐད་མི་ཁྲི་2.5ལྷག་ཙམ་ལ་ལས་ཞུགས་ཐུབ་རྒྱུར་གཞན་རྒྱུད་སྣེ་ཁྲིད་ཐུབ་པ་སོགས་ལས་ཞུགས་ལས་གཏོད་ཀྱི་བྱ་བ་མང་པོ་བསྒྲུབས་ཡོད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ས་གཙང་དཀར་ཆུའི་ལས་རིགས”ཀྱིས་དཔལ་འབྱོར་འཕར་རྒྱུར་ལྗང་མདོག་གི་ནུས་པ་ཐོན་པར་བྱས་པ་དང་ཆབས་ཅིག་ད་དུང་མང་ཚོགས་རྣམས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་ནང་ཞུགས་པའི་ཐབས་ལམ་ཞིག་བཏོད་ཡོད་པ་རེད།

ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བར་གནད་སྨིན་ནི་གལ་འགངས་ཧ་ཅང་ཆེ་ཞིང་།  བོད་ལ“འཛམ་གླིང་གི་དག་ཞིང་མཐའ་མ”ཞེས་བརྗོད་སྲོལ་ཡོད་པ་དང་།  དེ་ནི་རང་རྒྱལ་གྱི་འབྲོག་ར་ཆེན་པོ་ལྔའི་གྲས་ཤིག་ཡིན་ལ“དྭངས་ཤིང་གཙང་ཤོས་ཀྱི་མཁའ་རླུང་དང་།  སྤུས་ཚད་མཐོ་ཤོས་ཀྱི་ས་རྒྱུ། དྭངས་ཤིང་གཙང་ཤོས་ཀྱི་ཆུ་འགོ  སྤུས་ཀ་ལེགས་ཤོས་ཀྱི་གཟན་རྩྭ། འཚོ་བཅུད་ལྡན་ཤོས་ཀྱི་དཀར་ཆུ”བཅས་ཡོད།  ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དེ་ལྟེ་བའི་གྲོང་ཁྱེར་ལྷ་སའི་གྲོང་འདབས་སུ་གནས་པ་དང་།  དེར་འགྲིམ་འགྲུལ་དང་། ཆ་འཕྲིན། ནུས་རྒྱུ།  ཁྲོམ་ར་སོགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ལ།  དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་མང་ཚོགས་ལ་བཞོན་མ་གསོ་ཚགས་ཀྱི་སྲོལ་རྒྱུན་ལྡན་པ་དེ་དག་ཚང་མ་ཁྲེང་ཀོན་ཆུས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་།  ཐོན་ལས་ཀྱི་རྨང་གཞི།

 ཁྲོམ་རའི་དགོས་མཁོ་བཅས་ལ་གཞིགས་ཏེ“ས་གཙང་དཀར་ཆུའི་ཐོན་ལས”གནད་ལ་འཁེལ་བའི་ངང་གཏོད་པའི་གཞི་བརྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་དང་ཁ་འབྲལ་ཐབས་མེད།  སྣེ་འདྲེན་མེད་ན་ཁྲོམ་ར་མེད་ལ་རིན་ཐང་འཁོར་འབྲེལ་ཡང་མེད་ཅིང་།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤུས་ཚད་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བ་དང་ལྗང་མདོག་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་།  ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ་ཐོན་ཁུངས་དང་། ཤེས་ལྡན་མི་སྣ། མ་དངུལ།  ཁྲོམ་ར་བཅས་ཕན་ཚུན་ལྷན་སྦྱར་བྱེད་པ།  སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོའི་སྒོ་ནས་ཇུས་འགོད་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  ལྷ་ས་གྲོང་ཁྱེར་གྱི“དུད་ཚང་ཁྲི་ཡི་འབྲོག་ར་བརྒྱ་དང་ལྟེ་བ་ཟུང་དུ་སྦྲེལ་བའི”འདུ་འགོད་ལ་བརྟེན་པ་བཅས་བྱས་ནས་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་དང་།  ཀྲུང་གོ་འབྲུ་རིགས་ཚོགས་པ།  མོང་ཉིའུ་ཚོགས་པ་བཅས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་ས་གཙང་དཀར་ཆུའི་ཐོན་ལས་ཚད་ཡོད་ཀུང་སི་དང་དེའི་གཤམ་འོག་གི་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་དང་།  ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས།  གར་པ་སྣོད་བཅུད་འབྲོག་ར་སོགས་ཐོན་ལས་གཉེར་སྐྱོང་གི་བྱེད་པོ་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པས་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་པ་རེད།

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ལ་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་དེ་བས་མང་བ་ཐོབ་ཆེད་ཡིན་ཞིང་།  “ས་གཙང་དཀར་ཆུའི་ཐོན་ལས”ནི་ཁྲེང་ཀོན་ཆུས་ཀྱི་དཀར་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་ས་ཞིག་ཡིན་པ་དང་།  དེ་ལས“དཀར་ཆུའི་ཡོང་ཁུངས་དང་། ཐོན་རྫས་ལས་སྣོན་ཞིབ་ཚགས།  ཁྱད་ལྡན་ཐོན་རྫས་ཕྱིར་ཚོང”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཆགས་ནས་གོང་འོག་དཀར་ཆུའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་དུས་མཚུངས།  ཤིང་འབྲས་སྡོང་པོ་དང་སྔོ་ཚལ་དང་གཟན་རྩྭ་འདེབས་རྒྱུ་བཅས་ལེ་ལག་ཚང་བའི་འཁོར་རྒྱུག་ཐུབ་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐུབ་པ་དང་ཁྱད་ལྡན་ཞིང་འབྲོག་ལས་དང་།  བཟའ་བཅའ་ལས་སྣོན་ལས་རིགས།  རིག་གནས་ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་སྟེ་མང་ཚོགས་ལ་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་ཡོད་པ་རེད།  དཀར་ཆུའི་ཐོན་ལས་ནང་ཞུགས་མཁན་མི་གྲངས་མང་བ་དང་།  ཁྱད་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་བ།  མང་ཚོགས་ལ་འབབ་འཕར་རྒྱུན་མཐུད་ཐུབ་པ་བཅས་ལས“ས་གཙང་དཀར་ཆུའི་ཐོན་ལས”ཀྱིས་ལས་ཞུགས་གོང་གི་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ཐེམ་ཁུངས་ས་གནས་དེ་རང་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ།  ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ཞིང་འབྲོག་མང་ཚོགས་བཅས་སྔོན་ལ་གདན་ཞུ་བྱས་ནས་ལས་ཤེས་པ་དང་ལས་ལ་འཇོན་པའི་མང་ཚོགས་རང་ཡུལ་ནས་ཁ་མ་བྲལ་མི་དགོས་པར་ལས་

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།