རྒྱལ་རྩེ་རྫོང་དུ“བོད་གསར་རྙིང་བསྡུར་བའི”མང་ཚོགས་རང་བཞིན་གྱི་གཏམ་བཤད་འགྲན་བསྡུར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-04 11:16:30

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  རྒྱལ་རྩེ་རྫོང་གིས་རྫོང་རིའི་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་འཆམ།  ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་ཏུ་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“བོད་གསར་རྙིང་བསྡུར་བའི”མང་ཚོགས་རང་བཞིན་གྱི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་19ནས་ཡོང་བའི་ཞིང་འབྲོག་པའི་བདམས་ཐོན་པ་38འགྲན་བསྡུར་ལ་ཞུགས་ཤིང་།  ཞིང་འབྲོག་མང་ཚོགས་དང་། སློབ་མ།  མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་མི་700ལྷག་ཙམ་གྱིས་འགྲན་བསྡུར་ལ་བལྟས་པ་རེད།

འགྲན་བསྡུར་བྱེད་རིང་། བདམས་ཐོན་པ་ཚོས་རང་རང་སོ་སོའི་འཚོ་བའི་ཉམས་མྱོང་དང་།  ཉེ་འཁོར་དུ་བྱུང་བའི་བྱ་བ་ཆུང་ཙག  དེ་བཞིན་རྒྱལ་རྩེའི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་བཅས་དང་ཟུང་འབྲེལ་དང་།  མུན་ནག་རྗེས་ལུས་ཀྱི་བོད་རྙིང་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་སོགས་ལ་དམ་པོར་དམིགས་པ།  གུང་ཁྲན་ཏང་སླེབས་རྗེས་སྡུག་བསྔལ་བདེ་སྐྱིད་དུ་གྱུར་པ་དང་།  མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ།  རིག་གནས་དར་རྒྱས་གོང་འཕེལ་བྱུང་བ་སོགས་ཕན་ཚུན་བསྡུར་བ་བྱས་ཏེ་གཏམ་བཤད་སྤེལ་ནས་སྤྱི་ཚོགས་རིང་ལུགས་བོད་གསར་འཕེལ་རྒྱས་དང་།  ཡར་རྒྱས།  འགྱུར་ལྡོག་ཆེན་པོ་བཅས་བྱུང་བར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་བླངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།