ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་སྤྱི་ཕན་བྱ་སྤྱོད་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-04 11:16:29

ཟླ་6ཚེས་2ཉིན།  “སྒོར་90བཏོན་ནས་བོད་རིགས་ཕྲུ་གུ་གཅིག་ལ་ཝང་ཆིའུ་སྤོ་ལོ་རྒྱག་ཏུ་འཇུག་པའི”2019ལོའི་ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་སྤྱི་ཕན་ཐེབས་རྩས་བོད་དུ་སྤྱི་ཕན་བྱ་སྤྱོད་སྤེལ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་ཆུང་དུ་སྤེལ་བ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོ་ཁྱབ་གདལ་གཏོང་བའི་དམིགས་ཡུལ་ནི་བོད་རིགས་ཕྲུ་གུར་ཝང་ཆིའུ་སྤོ་ལོ་ཤེས་རྟོགས་ཀྱི་གོ་སྐབས་མང་ཙམ་བསྐྲུན་ཏེ་བྱེད་སྒོ་དེའི་ནང་ཞུགས་རྒྱུར་རོགས་རམ་བྱ་ཆེད་རེད།  བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བྱིས་པ་རགས་འདེམས་བྱས་རྗེས་སློབ་ཕྲུག་50ལྷག་ཙམ་ཁྲོད་ནས་སློབ་མ་12པེ་ཅིང་གི་སྦྱོང་བརྡར་སྒར་སར་འདེམས་བསྐོ་བྱས་ཏེ་མཐར་སློབ་ཕྲུག་6བདམས་ནས་དགེ་སྒྲུབ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།  བོད་ལྗོངས་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཀོན་ཧུང་ཀྲའོ་ཡིས་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་སྤྱི་ཕན་བྱེད་སྒོ་སྤེལ་བ་བརྒྱུད།  བོད་ཀྱི་ཕྲུ་གུ་དང་རྒྱལ་ཡོངས་ས་ཆ་ཁག་གི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་དང་སློབ་སྦྱོང་བྱེད་པ་དང་།  ཝང་ཆིའུ་སྤོ་ལོའི་ལུས་རྩལ་མྱོང་རོལ་དང་ཤེས་རྟོགས་བྱེད་དུ་བཅུག་ནས་ཕྲུ་གུ་ཚོས་ཝང་ཆིའུ་སྤོ་ལོ་རྒྱག་པ་བརྒྱུད་འཛམ་གླིང་ལ་ཕྱོགས་ནས་ཁོང་ཚོའི་མཐོང་རྒྱ་དེ་བས་ཆེ་རུ་གཏོང་རྒྱུ་རེད།  གཞན་ཡང་གཙོ་གཉེར་ཕྱོགས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་ལ་ཝང་ཆིའུ་སྤོ་ལོའི་ཡོ་ཆས་དང་ལུས་སྦྱོང་གྱོན་ཆས་སོགས་ཞལ་འདེབས་བརྒྱབ་ཅིང་།  འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་བོད་རིགས་ཕྲུ་གུས་ཝང་ཆིའུ་ལུས་རྩལ་རྩེད་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།