ཆེ་དགྲ་ལྷས་རིན་སྤུངས་རྫོང་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:37:24

འདི་ག་ཚགས་པར་ཁང་དུ་རིན་སྤུངས་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ།  ཟླ་5ཚེས་30ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་ལྷན་དུ་ཕེབས་པ་རེད།

རིན་སྤུངས་རྫོང་གི་ཅུས་པའོ་རྡོ་རྒྱུ་ཚད་ཡོད་ཀུང་སིར་ཆེ་དགྲ་ལྷས་བཟོ་གྲྭའི་མཛོད་ཁང་དུ་ཕེབས་ཏེ་ཐོན་སྐྱེད་དང་ཚོང་གཉེར་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད།  ཁེ་ལས་ཀྱི་འགན་འཁུར་བ་དང་ལས་མི་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་ལས་མི་མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་།  ཁོང་གིས་ཁྲལ་རིན་གཉིས་གཅོག་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།  ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་དང་འཕེལ་རྒྱས་ཆེད་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་ཞེས་བསྟན་གནང་བ་རེད།  བོད་ལྗོངས་རྟ་ར་འོག་ནས་ཆང་མ་རྐང་ཚད་ཡོད་ཀུང་སིར་ཀུང་སིའི་འགན་འཁུར་བས“ཀུང་སི+ཞིང་དུད+ཚན་ཞིབ་སྡེ་ཚན”གྱི་གཉེར་སྐྱོང་འཁོར་རྒྱུག་བྱེད་ཐབས་གཞིར་བཟུང་།  ཀུང་སིས་ཞིང་འབྲོག་པ་དུད་ཚང་200ལ་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག་ལས་སྣོན་གཏིང་ཟབ་བྱས་པ་བརྒྱུད་ནས་ཀྱི་རིན་ཐང་ཡང་ལྡབ་20ཙམ་འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  ཆེ་དགྲ་ལྷས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  “བཟོ་བོའི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ།  སེམས་རྣལ་དུ་ཕབ་ནས་འཕེལ་རྒྱས་གཏོང་བའི་ངེས་གནས་རྒྱུན་འཁྱོངས་བྱེད་པ།  ཏན་ཏན་ཏིག་ཏིག་བྱེད་པ།  ལྗོངས་ཕྱིར་ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་གོམ་པ་རེ་ལ་རྐང་རྗེས་རེའི་དཔེ་བཞིན་ཁེ་ལས་ཀྱི་རྒྱ་སྟོབས་དང་འཕེལ་རྒྱས་ཇེ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

མང་ཚོགས་ཀྱི་ངལ་ནུས་ཡོང་འབབ་མང་དུ་ཏན་ཏིག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་།  རིན་སྤུངས་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།  མིག་སྔའི་བར།  རྫོང་ཡོངས་ཀྱི་མི་གྲངས་3163དང་མི་ཐེངས་4368ལ་ལས་ཞུགས་གཞན་སྒྱུར་བྱུང་བ་དང་།  ངལ་ནུས་ཀུང་སིས་མི་གྲངས་717ཕྱིར་གཏོང་བྱས་ནས་སྒྲིག་འཛུགས་ལྡན་པའི་ངང་ཕྱིར་གཏོང་བྱེད་ཚད་22.67%ཟིན་ཡོད་པ་རེད།

ཆེ་དགྲ་ལྷ་སྔ་རྗེས་སུ་གཡག་སྡེའི་འཁལ་འཐག་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་དང་བདེ་ལྡན་ཁང་གསར་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་སྐབས།  མཉམ་ལས་ཁང་གིས“མངགས་ཐོ་ཁ་ཕྱོགས་གཏན་འཁེལ་གྱི་རྣམ་པ”དང“གསོ་སྦྱོང་ལས་སྤྲོད”ཀྱི་བྱེད་ཐབས་ལ་བརྟེན་ནས་གདན་ཞུའི་མི་སྣར་རྩལ་ནུས་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད།  ཆེ་དགྲ་ལྷས་གཟིགས་ཀྱིན་ཁོང་ཚོ་དང་ཡོང་འབབ་དང་འཕེལ་རྒྱས་ཀྱི་སྐོར་ཅི་འཕྲོས་མོལ་འཕྲོས་གནང་བ་རེད།  ཆེ་དགྲ་ལྷས་ནས་དང་། འབྲི་གཡག  ཁྱད་ལྡན་ལུག་སོགས་ལ་བརྟེན་ནས་མ་བཅོས་རྒྱུ་ཆའི་རང་ཡུལ་ཅན་ལ་སྣང་ཆེན་དང་།  ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་།  ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ།  ཁྱད་ལྡན་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ།  སྤུས་རྟགས་གཏོད་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། “རང་ས་རང་ཡུལ་ནས་མི་བྲལ་བ་དང་།  ཐག་ཉེ་ས་དང་སྟབས་བདེ་ས།  མང་ཚོགས་ཀྱིས་འཇོན་པ་དང་ཤེས་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ།  རྩལ་ནུས་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་དང་འབབ་འཕར་ཡོང་བར་བྱེད་དགོས།  སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོ་བ་དང་།  གཞི་རིམ་གྱི་ཏང་ཡོན་དང་། ཕྱུག་འགྱུར་སྣེ་ཁྲིད་པ།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་སོགས་གསོ་སྐྱོང་ཡག་པོ་བྱེད་པ།  མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བེད་མེད་དུ་ལུས་པའི་རྒྱུ་ནོར་དག་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བའི་མ་རྩར་འགྱུར་བར་བྱེད་དགོས་ཞེས་གསུངས།

ན་ནིང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་རྣམ་གྲོལ་དང་རྫོང་སྲིད་གཞུང་གིས་མཉམ་དུ་བོད་ལྗོངས་ཇོ་མོ་གླང་མ་ངལ་ནུས་ཞབས་འདེགས་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད།  སྤེལ་རེས་གཏིང་ཟབ་གནང་སྐབས་ཆེ་དགྲ་ལྷས་རིམ་ཁག་སྡེ་ཚན་ཁག་ལ་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ།  ཞབས་འདེགས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་གཟིགས་སྐྱོང་སྲིད་ཇུས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ནས་མི་དེ་བས་མང་བར་ལས་གཏོད་བྱེད་ཕོད་པ་དང་།  ལས་གཏོད་བྱེད་ཐུབ་པ།  ལས་གཏོད་བྱེད་ཤེས་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།