རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འདི་ལོ་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:37:17

སྦྲ་ཆེན་རྫོང་གི་གནས་ཚུལ་མདོར་བསྡུས།

སྦྲ་ཆེན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ་3དང་། ཤང་7 སྲིད་འཛིན་གྲོང་ཚོ་156  རང་བྱུང་གྲོང་ཚོ་483བཅས་ཡོད་པར་མི་འབོར་ཁྱོན་བསྡོམས་56638ཡོད།  2016ལོ་ནས་2018ལོ་བར་དུད་ཚང་710ཡི་མི་3331དབུལ་སྒྲོལ་ཐུབ་པ་དང་།  གྲོང་ཚོ(གྲོང་ལྷན)དབུལ་པོ་35ཕྱིར་འཐེན་དང་བྱ་མང་ཤང་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།  2019ལོར་དུད་ཚང་2101གི་མི་འབོར་དབུལ་པོ་9262དབུལ་སྒྲོལ་ཐུབ་རྒྱུའི་འཆར་གཞི་ཡོད་པ་དང་གྲོང་ཚོ(གྲོང་ལྷན)དབུལ་པོ་121ཕྱིར་འཐེན་བྱས་ནས་དབུལ་ཞྭ་འབུད་རྒྱུའི་ལས་འགན་ཚང་མ་ལེགས་སྒྲུབ་བྱེད་རྒྱུ་རེད།

“དུས་འགོའི་ནང་སྦྱོང་དང་། ཞུན་བརྡར།  གསར་གཏོད་བཅས་ཀྱི་ལས་དོན་ཁག་གིས་ང་ཚོས་འདི་ལོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད”ཅེས་སྦྲ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅུན་གྱིས་དེ་ལྟར་བཤད་པ་དང་།  ཁོང་གིས་སྦྲ་ཆེན་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་མཐའ་འཁྱོངས་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོ་དང“དམངས་འཚོའི་འདུ་འགོད་ཨང་དང་པོར”བརྩིས་ནས་དམ་འཛིན་བྱེད་པ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ནས།  རྫོང་ཡོངས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་ཁག་གཅིག་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་ཏེ་འདི་ལོ་དུས་བཀག་བཞིན་དབུལ་ཞྭ་འབུད་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་སྟེ།

གཅིག་ནས་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་བཏང་སྟེ་ལས་ཀའི་ཞན་ཆ་གསབ་རྒྱུ་ཡིན་ཞིང་།  རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་།  རྫོང་ཡོངས་ཀྱི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ།  ཀྲུང་གོ་གསོ་རིག་སློབ་ཆེན་ཨན་ཧྲན་སྨན་ཁང་གི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ།  ཤེས་ལྡན་པ་དང་། ལག་རྩལ། དོ་དམ་སོགས་ཕྱོགས་གང་སྤྱིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།  སྨན་བཅོས་ཆེད་ལས་ཀུན་འཛོམས་དང་། ས་མཐོའི་ཁྱད་ལྡན་ཆེད་ལས་ཚན་ཁག་མངོན་གསལ་དོད་པ།  ཡུལ་སྐོར་ཞབས་ཞུ་འགན་ལེན་ནུས་ལྡན་བཅས་ཀྱི་སྨན་བཅོས་རྟེན་གཞི་འཛུགས་རྒྱུ་དང་།  གྲོང་ཚོ་རིམ་པའི་བུ་བཅོལ་ཁང་29དང་རྫོང་སློབ་འབྲིང་གཉིས་པ་གསར་སྐྲུན་བྱས་ནས་ཐག་ཉེ་སར་སློབ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ།  གྲོང་ཚོ་རིམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་གཏོང་བ་དང་།  གྲོང་ཚོ་རིམ་པར་བདེ་འཇགས་འཐུང་ཆུ་ལེན་ས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་དགུན་ཁའི་དུས་སུ་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྒྱུ་རེད།

གཉིས་ནས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལེགས་ཆའི་ཐོན་ལས་གཏོད་རྒྱུ་ཡིན་ཞིང་།  རྫོང་གྲོང་འཕེལ་རྒྱས་ཀྱི་འཆར་གཞི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  གྲོང་ཁྱེར་གྱི་ཁུལ་གསར་འཛུགས་སྐྲུན་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད།  ཤང་དུ་སྣུམ་ནག་ལམ་འཛུགས་སྐྲུན་དང་ཆ་རྐྱེན་ཡོད་པའི་གྲོང་ཚོར་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་།  “རིག་ལྡན་སྦྲ་ཆེན”འཛུགས་སྐྲུན་གྱི་ལས་སྟེགས་ལ་བརྟེན་ནས་འབྲི་གཡག་དང་དབྱར་རྩྭ་དགུན་འབུ་སོགས་གཙོ་གནད་ཐོན་ཁུངས་ཀྱི་སྤུས་རྟགས་མ་ལག་གཏོད་པར་སྐུལ་འདེད་བཏང་སྟེ།  “ཧོར་ཁྱིམ”གྱི་འབྲི་གཡག་དང་དབྱར་རྩྭ་དགུན་འབུ་གཙོ་བོར་བྱས་པའི་ཁྱད་ལྡན་ཐོན་ཁུངས་ཀྱི་སྤུས་རྟགས་གཏོད་རྒྱུ་རེད།

གསུམ་ནས་ལས་ཞུགས་གཞན་སྒྱུར་ལ་ཁྲིད་སྟོན་བྱས་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་།  ཨར་སྐྲུན་ཁེ་ལས་སུ་ལས་ཞུགས་དང“ཤང་རེར་མཉམ་ལས་ཁང་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེའི”ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ལས་ཀའི་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་།  ལས་ཞུགས་ཞབས་ཞུའི་ལམ་སྲོལ་ཚད་ལྡན་དུ་གཏོང་བ།  ལས་ཞུགས་སྒྲིག་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལོ་མཇུག་ཏུ་ངལ་ནུས་ལྷག་མ་ལས་ཞུགས་ཐུབ་ཚད་100%ཟིན་པར་བྱས་ནས་མི་གཅིག་གསོ་སྦྱོང་དང་མི་གཅིག་ལས་ཞུགས་བྱས་ནས་དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་རེད།

བཞི་ནས་འགག་རྩའི་ཉུང་ཤས་ལ་དམ་འཛིན་ལྷོད་མེད་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་།  རྫོང་ཨུད་ཀྱིས་བཏོན་པའི“སྦྲ་ཆེན་གྱི་གནད་དོན་བཅུ”ཐག་གཅོད་ཐུབ་པ་དང་།  གཙོ་གནད་ལས་དོན་ཁག་14ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།  “ལྔ་ལ་དམ་འཛིན་བྱས་ནས་ཧྲིལ་པོར་སྐུལ་འདེད་གཏོང་བའི”(དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་།  དབུལ་སྒྲོལ་འགག་སྒྲོལ་ཆེན་པོ། དམངས་འཚོ་ལེགས་གཏོང་ཆེན་པོ། སྤྱི་ཚོགས་ཧ་ཅང་ཞི་མཐུན།  ཏང་འཛུགས་སྐྱོང་ཤུགས་ཆེན་བཅས)ལས་ཀའི་བསམ་ཕྱོགས་ལ་དམ་འཛིན་ནན་པོ།  རྫོང་ཨུད་ཚན་ཁག་གིས་ཤང་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ།  ལས་བྱེད་པ་དཔྱད་ཞིབ་གདམ་གསེས་དང་བསྐོ་སྤྱོད་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།  གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་དགེ་མཚན་ལྡན་པའི་མཉམ་འགུལ་དང་སྤྱོད་བཟང་གཞུང་དྲང་གི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་རྒྱུ་རེད།

སྦྲ་ཆེན་མང་ཚོགས་ཁྲོད་གནས་པའི“སྒུག་རྟེན་སློང་རྩོད་བཞིའི”བསམ་བློར་དམིགས་ནས་ཀྲང་ཅུན་གྱིས་དབུལ་སྐྱོར་བྱེད་པར་ངེས་པར་དུ་སྔོན་ལ་རིག་སྐྱོར་བློ་སྐྱོར་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་དུས་ཐོག་ཏུ་མང་ཚོགས་དབུལ་པོར་དབུལ་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོའི་རང་སྟོབས་རང་སྤེལ་དང་རང་ངོས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྤེལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཀྲང་ཅུན་གྱིས་རྫོང་ཡོངས་ཀྱིས་སྤྱིའི་དམིགས་ཚད་ལ་དམིགས་པ་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ་འགག་སྒྲོལ་ནང་གི་འགག་རྩ་དང་དཀའ་སེལ་ནང་གི་དཀའ་གནད་ཡིན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གཙོ་གནད་ལ་དམ་འཛིན་དང་།  ཞན་ཆ་གསབ་པ།  ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་བྱ་སྤྱོད་ནུས་ལྡན་དང་ལས་དོན་ཏན་ཏིག་སྒྲུབ་པར་བརྟེན་ནས་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་བཤད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།