བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:36:40

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་1ཉིན་གནས་ཚུལ་འབྱོར་གསལ།  2018ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་པོ་ཡོད་པ་རེད།  ཀྲུང་གོ་ཚན་རིག་ཁང་དང་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་གསལ།  བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།  འདི་ནི་གོང་ཚེས་ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2018ལོའི་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཞིག་རེད།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་འགོ་ཡག་པོ་བཙུགས་པ།  《དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་འགོད》དོན་འཁྱོལ་ནན་ཏན་དང་།  《ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི》མུ་མཐུད་ལག་བསྟར།  གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་བཅས་བྱས་པས་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་གཏན་འཁེལ་བྱས་པ་རེད།

སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་བརྟན་པོ་བཏང་བ།  《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྣོད་བཅུད་སླར་གསོའི་ལས་གྲྭའི་འཆར་འགོད་བཟོ་འགོ་བཙུགས་པ་དང་།  གྲོང་གསེབ་དར་རྒྱས་འཐབ་ཇུས་དང་སྣོད་བཅུད་དར་རྒྱས་ཀྱི་འཆར་འགོད་བཟོ་བའི་ལས་དོན་ལེགས་གྲུབ་ཟིན་པ།  རྫོང(ཆུས)74ཡི་སྣོད་བཅུད་སྲུང་སྐྱོང་དམར་ཐིག་དབྱེ་འབྱེད་ལས་དོན་ལེགས་གྲུབ་ཟིན་པ།  ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་འབྲུག་ལ་ཆུ་བོ་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དུ་བདམས་ཏེ་ས་མཚམས་རྩད་ཞིབ་དང་ཚད་གཞི་གཏན་འཁེལ་གྱི་ཚོད་ལྟ་བྱས་པ།  ཇོ་མོ་གླང་མ་དང་། བྱང་ཐང་།  སྨར་ཁམས་ཀྱི་ཡུན་ནན་གྱི་སྤྲེའུ་ཁྲ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་3ལེགས་སྒྲིག་བྱས་པ།  “ཕུབ་ལྗང་2018”རང་བྱུང་སྲུང་སྐྱོང་ཁུལ་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་བྱ་སྤྱོད་དང་མཚོ་དང་མཚེའུ་དང་འདམ་ར་དང་འབྲེལ་བ་ཡོད་པའི་ཆེད་དོན་གཙང་སེལ་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ།  གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་དང་རིགས་ཁག་གི་སྣོད་བཅུད་ཁ་གསབ་རོགས་དངུལ་གྱི་ལམ་སྲོལ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ།  ས་བབ་ཧ་ཅང་མཐོ་བའི་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་པ་དང་།  འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་བྱས་པར་གཞིགས་ན།  2018ལོར་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་11.33བཏང་བ་རེད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་རྒྱུན་མཐུད་ཞབས་འདེགས་ཞུས་པ།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁྱོན་ཡོངས་ལ་ཁྱབ་ཡོད།  “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིབ་མཆན་འགོད་པའི་ཞབས་ཞུ་ལེགས་སུ་བཏང་བ་དང་།  འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་གི་ཞིབ་འཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱས་པ་རེད།  “དག་ཞིང་སྲུང་སྐྱོང”དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྒྲིག  འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས“ཆོག་མཆན་མ་ཐོབ་པར་སྔོན་ལ་སྐྲུན་རིགས”གྲལ་བཤེར་བཅོས་སྒྲིག  གད་སྙིགས་མེར་སྲེག་པ་དང་གློག་གཏོང་བའི་ཁོར་ཡུག་སྲུང་སྐྱོང་།  ཁྲིམས་འགལ་གནས་སྤོ་ཐག་གཅོད་དང་ཉེན་ཆེའི་གད་སྙིགས་གང་བྱུང་དུ་བཤོ་བའི་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སོགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ།  རྒྱལ་ཡོངས་ཀྱི་སྦགས་བཙོག་ཡོངས་ཁུངས་ཀྱི་ཡོངས་བཤེར་ཐེངས་གཉིས་པ་དང་།  སྦགས་བཙོག་ཡོངས་ཁུངས་གཙང་སེལ་མཛོད་འཛུགས་པ་དུད་ཚང་དུ་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བ་རེད།  ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་འཐུས་ཚང་བཙུགས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་གསལ་འགྲེལ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཏེ་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྤྱི་དམངས་ལ་སྒོ་འབྱེད་རྒྱུར་སྐུལ་འདེད་བཏང་བ།  ཁོར་ཡུག་ཁྲིམས་སྐྱོང་གི་སྦྱོང་བརྡར་ཆེན་པོ་བྱས་ཏེ“གཙང་པོ་གཉིས”ཀྱི་འཁྱིལ་མཚོའི་ཁོར་ཡུག་ཉེན་ཁའི་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་སྤེལ་བ་དང་།  ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་དབར་གྱི་ས་མཚམས་གྲོལ་བའི་གཙང་ཆུའི་ཁོར་ཡུག་འཕྲལ་སྡོམ་མཉམ་འབྲེལ་གྱི་ཁྲིམས་སྐྱོང་བྱ་སྤྱོད་སྤེལ་བ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།