རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཚོགས་འདུ་ཐེངས་12པ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:36:35

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།  ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་12པ་འཚོགས་ནས་ས་ངན་ཡུག་ཁུལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྐུལ་སྤེལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་ནས“གནས་སྤོ་ཐུབ་པ་དང་།  གཞིས་ཆགས་ཐུབ་པ། འབྲེལ་འདྲིས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ།  ”བཅས་ལ་དམིགས་པ་དང་བབ་བསྟུན་གྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་མང་ཚོགས་ལ་བརྩེ་སེམས་ངོ་མ་འཆང་བ་དང་མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་དགོས་པ་དང་།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གནས་སྤོས་ཁུལ་དུ་གནས་སྐབས་ཏང་ཀྲི་པུའུ་འཛུགས་པ་དང་།  གནས་སྤོས་མང་ཚོགས་དང་ཆ་སྒྲིག་རོགས་སྐྱོར་དང་།  སྤེལ་རེས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་འབྲེལ་འདྲིས་གཏིང་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།