ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆུའི་སྦཌ་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ལྷ་སར་ཞིབ་བཤེར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:36:35

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་གྱིས་སྣེ་ཁྲིད་པའི་ཞིབ་བཤེར་ཚོགས་ཆུང་ལྷ་ས་གྲོང་ཁྱེར་བཙོག་ཆུ་གཙང་གསིང་བཟོ་གྲྭ(དུས་ཐེངས་གཉིས་པ)དང་།  ལྷ་ཀླུ་འདམ་ར། ལྷ་ས་ཀྲི་ཀྲའོ་ཐོན་ལས་གླིང་།  གྲོང་ནུབ་ཆུ་མཁོ་འདོན་ཁང་སོགས་ས་ཆར་ཕེབས་ནས་བཙོག་ཆུ་གཙང་གསིང་གི་ལྷན་སྦྱར་མདོང་ལམ་དྲ་བའི་འཛུགས་སྐྲུན་འཁོར་སྐྱོད་དང་།  བཙོག་ཆུ་འབུད་གཏོང་། མཚོ་དཔོན་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ།  འདམ་ར་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་འབྲེལ།  ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་སེང་གསན་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་བླང་བྱ་བཏོན་དོན།  ལྷ་ས་གྲོང་ཁྱེར་རིམ་ཁག་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དང་།  དྭངས་གཙང་ཆུ་བོ་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱིད་ཆུ་སྲུང་སྐྱོང་དང་འཛུགས་སྐྲུན་གྱིས་ཆུའི་ཐོན་ཁུངས་སྲུང་སྐྱོང་ཐད་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  ལུགས་དང་མཐུན་པའི་ངང་འབབ་རྒྱུད་ཁུལ་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད།  མཚོ་དཔོན་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ། མི་ཐབས་ལ་བརྟེན་ནས་མཚེའུ་བཟོ་མི་ཆོག་པ།  ཆུ་ཤར་གཏོང་ཐུབ་རྒྱུ་འགན་ལེན། ཆུའི་སྤུས་ཚད་མཐོ་རུ་གཏོང་བ།  རྩྭ་དང་ལྗོན་ཤིང་འདེབས་ཁྱོན་ཆེ་རུ་གཏོང་བ།  ཆུའི་སྦགས་བཙོག་དང་ཁྲིམས་འགལ་ངང་བྱེ་མ་དང་ས་ལེན་པའི་རྣམ་གྲངས་མཐའ་གཅིག་ཏུ་མཚམས་འཇོག་ཏུ་འཇུག་པ།  ཁྲིམས་འགལ་ངང་གཙང་པོའི་རྣམ་གྲངས་གསར་སྐྲུན་བཀག་འགོག  བློ་བརྟན་འགྱུར་མེད་ངང་ཆུའི་ཐོན་ཁུངས་གྲོན་ཆུང་བཅས་བྱེད་དགོས།  གྲོང་ཁྱེར་དང་གྲོང་རྡལ་དུ་བཙོག་ཆུ་བསྡུ་རུབ་གཙང་གསིང་བྱེད་ཚད་དང་མདོང་ལམ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཁྱོན་ཡོངས་ལ་ཁྱབ་གདལ་གཏོང་དགོས་པ་མ་ཟད།  ཁྱོན་ཡོངས་ལ་ཁྱབ་པ་དང་ཚང་མས་བེད་སྤྱོད་ཐུབ་པ་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།