རང་ལྗོངས་ཀྱིས་འབྲུབ་ཆུ་རྒྱས་པའི་དུས་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:36:33

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་6པ་ནས་བཟུང་།  རང་ལྗོངས་སུ་འབྲུབ་ཆུ་རྒྱས་འགོ་ཚུགས་ཤིང་།  རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་འབྲུབ་ཆུ་རྒྱས་དུས་ཀྱི་གནམ་གཤིས་ལ་དམིགས་ཏེ་རང་ལྗོངས་ཀྱི་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས“ལྟ་ཞིབ་ཚད་ལེན་ཞིབ་ཕྲ་དང་།  སྔོན་བརྡ་གནད་སྨིན། ཁྱབ་བསྒྲགས་ཡང་དག ཞབས་ཞུ་ཞིབ་ཚགས”བཅས་ཀྱི་བླང་བྱ་གཞིར་བཟུང་།  ཆུ་མ་ཤོར་གོང་ནས་ཆུ་རགས་རྒྱག་པ་དང་བྱ་སྤྱོད་སྔ་སྣུར་དུ་སྤེལ་ཏེ་འབྲུབ་ཆུ་རྒྱས་དུས་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།

གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་གནད་སྨིན་བྱ་རྒྱུ་ནི་འབྲུབ་ཆུ་རྒྱས་དུས་སུ་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞིང་།  རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་མ་ལག་གསར་པ་དང་ལག་རྩལ་གསར་པར་བརྟེན་ནས་མ་འོངས་ཆུ་ཚོད་24ཡི་རིང་ལྗོངས་ཡོངས་ཀྱི་ཉིན་རེའི་ཆུ་ཚོད་6རིང་གི་ཆར་ཆུ་འབབ་ཚད་གྱི་སྔོན་བརྡ་དང་།  ཆུ་ཚོད་24རིང་གནོད་འཚེ་ཐོན་ཉེན་ཆེ་བའི་ས་ཁུལ་གྱི་སྔོན་བརྡ།  རྫོང་74ཡི་ཆུ་ཚོད་72རིང་གི་གྲོང་ཁྱེར་དང་གྲོང་རྡལ་ཞིབ་ཕྲའི་སྔོན་བརྡ་བཅས་བཟོས་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་།  གྲོང་ཁྱེར(ས་ཁུལ)ཁག་གི་རྫོང་གནམ་གཤིས་ལས་ཁུངས་ལ་དམིགས་སའི་རང་བཞིན་ལྡན་པའི་སྔོན་བརྡའི་ཞབས་ཞུའི་ལས་སྒོ་མཛུབ་ཁྲིད་བྱས་ཏེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འབྲུབ་འགོག་ཐན་འགོག་བཀོད་འདོམས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།