རང་ལྗོངས་དང་ཞིང་ཆེན་གྲོང་ཁྱེར་5ཡི་དབར་ས་ཁོངས་སྒྲོལ་བའི་ཞིབ་དཔྱོད་མཉམ་ལས་ལམ་སྲོལ་བཙུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:17

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་གསལ།  ཁྲུང་ཆིང་དང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་དྲུག་གི་ཞིབ་དཔྱོད་ཁང་གིས་ཉེ་དུས《འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ས་ཁོངས་སྒྲོལ་བའི་ཞིབ་དཔྱོད་མཉམ་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་དེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་ཆེད་ཞིབ་དཔྱོད་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

《བསམ་འཆར》 ནང་། ཞིང་ཆེན་དང་། གྲོང་ཁྱེར།  རང་སྐྱོང་ལྗོངས་བཅས་དྲུག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།  མི་དམངས་མང་ཚོགས་ཀྱི་ཐད་ཀའི་མྱོང་ཚོར་དང་དགོས་གཏུག་ཆེ་བའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ལ་དམིགས་པ།  “ཞིབ་དཔྱོད་ཆེན་པོ་བཞིའི”སྣ་མང་འགན་ནུས་ཕྱོགས་བསྡུས་འདོན་སྤེལ་བཅས་བྱས་ནས་གནད་སྨིན་ཅན་གྱི་རྡུང་རྡེག་དང་།  སྣ་མང་ཅན་གྱི་ལྟ་སྐུལ། ཆེད་ལས་ཅན་གྱི་གྱོད་སྒྲུབ། སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་།  ཁྲིམས་སྐྱོང་ཅན་གྱི་ཞབས་ཞུ་བཅས་མཉམ་འབྲེལ་གྱི་ཕྱོགས་ཁག་གི་ལས་ཀའི་རྣམ་པ་གཏོད་པར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།  《བསམ་འཆར》ནང་ཉེས་དོན་ཞིབ་དཔྱོད་ཀྱི་འགན་ནུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ལག་ལེན་བསྟར་བ་དང་།  ཁྲིམས་འགལ་སྦགས་བཙོག་དང་ཉེན་ཡོད་གད་སྙིགས་སོགས་ལས་གཙང་པོ་དང་མཚེའུ་དང་ས་འོག་ཆུའི་ཐོན་ཁུངས་ལ་སྦགས་བཙོག་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ཁོར་ཡུག་དམངས་དོན་གྱི་དབང་གནོད་གྱོད་གཞི་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་གྱི་འགན་དབང་གང་བྱུང་དུ་སྤྱོད་པའམ་ཡང་ན་ལྟ་འདོམས་འགན་འཁྲི་ལག་བསྟར་མ་བྱས་པར།  ཕྱོགས་གསུམ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁོར་ཡུག་རིགས་ཀྱི་སྲིད་འཛིན་གཏུག་བཤེར་སོགས་གྱོད་གཞིར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཁུངས་སྣེ་རྩིས་སྤྲོད་དང་བརྡ་ཁྱབ་དང་ཚུར་ལན་བསམ་འཆར་དང་།  དཔང་ལེན་མཉམ་ལས་དང་ས་ཁོངས་སྒྲོལ་བའི་སྣོད་བཅུད་ཁོར་ཡུག་གི་གྱོད་སྒྲུབ།  རིམ་མང་འབྲེལ་གཏུག ཆ་འཕྲིན་མཉམ་སྤྱོད།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁྲིམས་འཛིན་མཉམ་འབྲེལ་བརྟག་ཞིབ་དང་སྐོར་ཞིབ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མ་བཏོན་གོང་གི་འབྲེལ་མཐུད་སྤེལ་རེས་སོགས་ཀྱི་ལམ་སྲོལ་བཙུགས་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ཞན་ཆ་གསབ་པ་དང་ཐུན་མོང་ཡར་རྒྱས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།