ཆུ་ཤུར་རྫོང་ཚ་རགས་ཤང་སློབ་ཆུང་གི་དགེ་རྒན་འཇིགས་མེད་ཀྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:12

“དགེ་རྒན་གྱིས་ནི་ཐབས་ཤེས་སློབ་ལ་ཀུན་གྱི་དོགས་པ་བསལ”ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི“ཞིང་འབྲོག་པའི་མཚན་མོའི་སློབ་གྲྭར”དགེ་རྒན་དེ་ལྟ་བུ་ཞིག་ཡོད་དེ།  ཁོང་ནི་ཆུ་ཤུར་རྫོང་ཚ་རགས་ཤང་སློབ་ཆུང་གི་བོད་ཡིག་དགེ་རྒན་འཇིགས་མེད་ཡིན་ཞིང་།  2018ལོའི་ཟླ་12པར་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོར་བཅའ་སྡོད་ཀྱིས“གྲོང་ཚོའི་ཨུ་ལྷན་གཉིས”ལ་ལས་དོན་ཁག་སྤེལ་རོགས་བྱེད་པར་མངགས་པ་རེད།

ལོ་ཕྱེད་ལྷག་ཙམ་གྲོང་སྡོད་བྱེད་རིང་།  འཇིགས་མེད་ཀྱིས་དཀའ་སྤྱད་འབད་བརྩོན་སྒོས་སློབ་སྦྱོང་བྱེད་པ་དང་ཁེངས་སྐྱུང་ངང་སྐད་ཆ་དྲིས་ཏེ་ཤེལ་གྲོང་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུར་རམ་འདེགས་བྱས་ཡོད།  སློབ་གསོ་གཏོང་ཡུལ་གཙོ་བོ་ནི་ཏང་ཡོན་ལས་བྱེད་པ་དང། ཞིང་པ་མང་ཚོཌ།  གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་རེད།  སློབ་གསོ་གཏོང་ཡུལ་མི་འདྲ་བས་སློབ་གསོ་གཏོང་སྟངས་ཀྱང་འདྲ་ཡི་མེད།  འཇིགས་མེད་ཀྱིས་མི་དང་བསྟུན་ནས་ཐབས་ཇུས་འདོན་པ་དང་རིགས་དབྱེ་ནས་སློབ་ཁྲིད་བྱེད་པ་མ་ཟད།  སྒྲོག་འགྲེལ་གྱི་ནང་དོན་ཡང་དོན་དངོས་དང་མཐུན་པས་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

“སྔོན་ཆད་ཞིང་དལ་གྱི་དུས་སུ་ཁྱིམ་དུ་བརྙན་འཕྲིན་བལྟས་ནས་སྡོད་པའམ་ཡང་ན་སྤུན་མཆེད་དང་གྲོགས་པོ་གྲོགས་མོའི་ཁྱིམ་དུ་སྡོད་པར་འགྲོ་ཡི་ཡོད།  ཡིན་ནའང་ད་ཆ་ཞིང་དལ་གྱི་དུས་སུ‘ཞིང་འབྲོག་པའི་མཚན་མོའི་སློབ་གྲྭར’སློབ་སྦྱོང་བྱེད་པར་འགྲོ་ཡི་ཡོད།  རྒན་འཇིགས་མེད་ལགས་ཀྱིས་ང་ཚོར་འབབ་འཕར་ཕྱུག་འགྱུར་ཇི་ལྟར་བྱེད་སྟངས་སྐོར་སློབ་པ་མ་ཟད།  བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་ཡིག་འབྲི་སྟངས་ཀྱང་སློབ་ཁྲིད་གནང་གི་འདུག་པས་ཕྱུག་འགྱུར་གྱི་ཤེས་བྱ་ཤེས་པ་མ་ཟད།  ལས་གསེང་གི་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་ལ་གྱུར་གྱི་འདུག”ཅེས་ཕྱི་དྲོའི་ཆུ་ཚོད་7དང་སྐར་མ་40ཐོག་སློབ་གྲྭར་འགྲོ་མྱོང་མེད་པའི་ཤེལ་གྲོང་གྲོང་ཚོའི་གྲོང་མི་སྐལ་ལྷུན་གྱིས་བྲེལ་འཚུབ་ཆེན་པོའི་ངང“ཞིང་འབྲོག་པའི་མཚན་མོའི་སློབ་གྲྭར”སློབ་སྦྱོང་དུ་བསྐྱོད་དེ་རང་ཉིད་ཀྱི“ཤེས་རྒྱ་ཆེ་རུ”བཏང་བ་རེད།

ཤེལ་གྲོང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་སྐལ་བཟང་ཟླ་བས་གསར་འགོད་པར་འཇིགས་མེད་ཤེལ་གྲོང་གྲོང་ཚོར་མ་སླེབས་གོང་།  གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་ཐད་གོང་རིམ་གྱི་ལས་འགན་ལེགས་གྲུབ་ཐུབ་ཙམ་ལས་མེད་པའི་ཁར་ནང་དོན་ཡང་སྣ་གཅིག་ཡིན་སྟབས་མང་ཚོགས་ཀྱི་སློབ་སྦྱོང་བྱེད་སེམས་ཆེན་པོ་མེད།  དཔྱད་གཞིར་འཛིན་རུང་བའི་ཉམས་མྱོང་མེད་པ་དང་དཔེ་མཚོན་དུ་འོས་པའི་སྔོན་དཔེ་མེད་པའི་གནས་ཚུལ་འོག  འཇིགས་མེད་ཀྱིས་སྔོན་ལ་མིག་དཔེ་བསྟན་ནས་རང་འགུལ་ངང་དུས་ཆེན་གྱི་ངལ་གསོའི་དུས་ཚོད་སྤྱད་དེ་ལས་དུས་འཕར་མ་བྱས་ཤིང་།  རང་ངོས་ཀྱིས་སློབ་སྦྱོང་དང་གོ་བ་བླངས་ནས་གྲོང་ཚོའི་ཚོགས་ཆུང་གི་སྒྲོག་འགྲེལ་པ་གསོ་སྦྱོང་བྱས་ཏེ་ཁོང་ཚོ་ཚང་མས་རང་རྐྱ་འཕེར་བའི་སྒོ་ནས་སྒྲོག་འགྲེལ་ཐུབ་པར་བྱས་པ་དང་།  གྲོང་མི་དང་འབྲེལ་གཏུག་བྱེད་པ་དང་། དུད་ཚང་དུ་བཅར་འདྲི་བྱེད་པར་སྐྱོད་པ།  གྲོང་ཚོའི་ཚོགས་ཆུང་གིས་བརྟག་ཞིབ་བཅས་ནས་འཆར་གཞི་འདིང་བ་དང་། གསོ་སྦྱོང་བྱེད་པ།  ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ཚང་མར་རང་ཉིད་དངོས་སུ་ཞུགས་ཡོད།  ཁོང་གིས་རང་ཉིད་ཀྱིས་ངེས་པར་དུ་གོང་རིམ་གྱི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ་དང་མི་སེར་ཚོའི་འདུན་པ་ཆུད་ཟོས་སུ་མི་གཏོང་བར་ཤེལ་གྲོང་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཐུགས་ཁུར་ཚོར་ཐུབ་པར་བྱེད་དགོས་ཅེས་བརྗོད་ཀྱི་ཡོད།

འཇིགས་མེད་ཀྱིས་གསར་འགོད་པར“ང་ཚོ་དུས་རབས་བཟང་པོ་འདི་ལྟ་བུ་ཞིག་ལ་ཚོ་བ་སྐྱེལ་བཞིན་པ་མ་ཟད།  ཏང་དང་སྲིད་གཞུང་གི་ཐུཌ་ཁུར་དང་གཟིགས་སྐྱོང་གང་ལེགས་བྱེད་ཀྱི་ཡོད་པས།  རང་ཉིད་ཀྱི་བྱང་ཚད་དེ་བས་མཐོ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་།  རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཕྱོགས་གཏོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཏང་ལ་དགའ་ཞེན་དང་།  རྒྱལ་གཅེས། ཆོས་གཅེས།  སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་གྲྭ་བཙུན་ཡག་པོ་དང་སྤྱི་དམངས་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས”ཞེས་བརྗོད།

ལོ་ཕྱེད་རིང་འཇིགས་མེད་ཀྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་།  མཐུན་སྒྲིལ་ལ་སྣང་ཆེན་གྱིས་རྒྱལ་ཁབ་ལ་དགའ་ཞེན།  ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན།  ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཀྱི་འདུ་ཤེས་ཤེལ་གྲོང་གྲོང་ཚོའི་གྲོང་མི་ཚོའི་སེམས་ནང་བརྟན་པོར་འཇགས་པར་བྱས་ཏེ་ཤེལ་གྲོང་གྲོང་ཚོའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་།  ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་ཤེལ་གྲོང་བསྐྲུན་ཆེད་བསམ་བློའི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།