སྤྲུལ་སྐུ་རྗེ་དབོན་དཀོན་རྡོར་གྱིས་རིག་དངོས་འབུལ་བའི་མཛད་སྒོ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:12

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ།  ལྗོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ཕྱིར་ལོག་བོད་རིགས་སྤུན་ཟླ།  ཆབ་མདོ་བྱམས་པ་གླིང་དགོན་པའི་སྤྲུལ་སྐུ་བཅས་ཡིན་པའི་རྗེ་དབོན་དཀོན་རྡོར་གྱིས་རིག་དངོས་འབུལ་བའི་མཛད་སྒོ་དེ་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་སུ་འཚོགས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་ཕེབས་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་གྱིས་གཙོ་སྐྱོང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་སྤྲུལ་སྐུ་རྗེ་དབོན་དཀོན་རྡོར་གྱིས་ཞལ་འདེབས་ཕུལ་བའི་རིག་དངོས་དང་ཚད་ལྡན་ཡིག་ཆ་380ཙམ་ཡོད་པ་དག་གི་སྣ་ཁ་ཕུན་སུམ་ཚོགས་པ་དང་ཉར་ཚགས་ལེགས་པོ་བྱུང་ཡོད་ལ།  དེ་དག་ནི་རྗེ་དབོན་དཀོན་རྡོར་གྱི་གདུང་རབས་དང་དེ་བཞིན་ཆབ་མདོ་ས་གནས་ཀྱི་ཆབ་སྲིད་དང་།  དཔལ་འབྱོར། ཆོས་ལུགས། རིག་གནས་སོགས་ལ་ཤེས་རྟོཌ་དང་།  ཞིབ་འཇུག་བྱེད་པའི་ཐོག་མའི་རིག་དངོས་དང་། ཡིག་ཚགས།  ཚད་ལྡན་གྱི་དཔྱད་གཞི་བཅས་ཡིན་པ་རེད།

གསར་འགོད་པར་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྲུལ་སྐུ་རྗེ་དབོན་དཀོན་རྡོར་གྱིས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།  ཁོང་གིས་རིག་དངོས་འབུལ་བའི་བྱ་བཟང་དེ་ལས་མེས་རྒྱལ་ལ་སེམས་པ་ཕྱོགས་པ་དང་ཕ་ཡུལ་ལ་བརྩེ་སེམས་འཆང་བའི་སྒེར་སེམས་མེད་པའི་བྱ་སྤྱོད་དང་།  མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་འདུན་གང་ལེགས་མངོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།