ཉིང་ཁྲིའི“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”སླར་ཡང་འཕེལ་རྒྱས་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:08

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ནི་2019ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པའི་འགོ་ཚུགས་མཛད་སྒོ་གཉེར་ཡུལ་ཡིན་པ་དང་།  ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་ཟླ་3པའི་ཟླ་སྨད་ནས་ཟླ་4པའི་ཟླ་དཀྱིལ་བར་གཉེར་བ་རེད།

ན་ནིང་གི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་།  མི་152ལས་མེད་པའི་ཀ་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལ་སྣེ་ལེན་ཞུས་པ་དང་སྒོ་འཛིན་གྱི་ཡོང་འབབ་ཁོ་ན་སྒོར་ཁྲི་280ལྷག་ཙམ་བྱུང་ཡོད།  མ་གནས་དང་མཉམ་སྡེབ་འཕེལ་རྒྱས་ཀྱི་མ་དངུལ་འཐེན་རྗེས་གྲོང་མི་ཡོངས་ལ་ཁེ་སྤོཌ་བགོས་ཤིང་།  ནང་མི་8ཡོད་པའི་ཁྱིམ་ལ་ཡོང་འབབ་མཐོ་ཤོས་སྒོར་ཁྲི་10རག་པ་དང་ཉུང་ཤོས་ལའང་སྒོར་ཁྲི་5བགོས་པས་སྔོན་ཆད་ཀྱི་སོ་ནམ་དང་ཕྱུགས་འཚོ་བའི་ཡོང་འབབ་ལས་ལྡབ་འགྱུར་བྱུང་ཡོད་པ་རེད།

ཀ་ལ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”མུ་མཐུད་འཕེལ་རྒྱས་བྱུང་བའི་བསྡུས་རིས་ཤིག་རེད།

ཀ་ལ་གྲོང་ཚོ་ནས་རྒྱལ་ལམ་318བརྒྱུད་དེ་རླངས་འཁོར་བཏང་ནས་ཤར་ངོས་སུ་སྤྱི་ལེ་200བསྐྱོད་ན།  ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོར་འབྱོར་གྱི་ཡོད།  དུད་ཚང་82ལས་མེད་པའི་གྲོང་ཚོ་ཆུང་ངུ་དེ་བོད་ཀྱི་ཀ་གནམ་རྒྱལ་ཁབ་འདམ་ར་སྤྱི་གླིང་དང་ལྗོངས་ཡོངས་ཀྱི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ཆེ་ཤོས་ཏེ་སྤོ་བོའི་ཁམ་བུའི་མེ་ཏོག་ལུང་ཤུར་དུ་གནས་པས་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་རི་སྐྱེས་ཡིན་པས་ཉིང་ཁྲིའི་ས་གནས་ཕལ་ཆེ་བར་ཁྱབ་འདུག  ས་བབ་ཤར་ནས་ནུབ་ཏུ་རིམ་བཞིན་མཐོ་རུ་སོང་བའི་རྐྱེན་གྱིས་དཔྱིད་འགོ་འཆར་རིམ་བཞིན་ཁམ་བུའི་མེ་ཏོག་གང་སར་བཞད་པ་དང་།  ཟླ་བ་ཁ་ཤས་རིང་གནམ་སྔོན་སྤྲིན་དཀར་དང་གངས་རི་དང་འཁྱགས་རོམ་སོགས་དང་ལྷན་དུ་ཉམས་དགའ་བའི་མཛེས་ལྗོངས་སུ་གྱུར་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་སེམས་འཕྲོག་སྟེ་འཚང་ཁ་ཤིག་ཤིག་ངང་ཡོང་གི་ཡོད་པ་རེད།

བདེ་ཆེན་དབང་མོ་དང་གཅུང་པོ་སྔ་རྗེས་སུ་སྤོ་བོ་རྫོང་གིས་སྒྲིག་འཛུགས་བྱས་པའི་གསོལ་མགྲོན་ཁང་གི་ཞབས་ཞུའི་ལག་རྩལ་གསོ་སྦྱོང་ལ་ཞུགས་ཤིང་།  “གསོ་སྦྱོང་འཛིན་གྲྭས་ང་ཚོར་ཕན་ཆེན་པོ་ཐོགས་བྱུང།  ང་ཚོའི་ཞབས་ཞུ་བ་མང་ཆེ་བ་ནི་ཡུལ་མི་ཡིན་པ་དང་།  ཐོག་མར་འགྲུལ་ཁང་ནང་འཛུལ་དུས་སྔོན་ལ་སྒོ་རྡུང་བའི་གོམས་གཤིས་མེད།  ཡིན་ཡང་ད་ཆ་རྦད་དེ་འགྱུར་བ་ཕྱིན་ཡོད”ཅེས་བདེ་ཆེན་དབང་མོས་བཤད་བྱུང་།

མིག་སྔར་དབང་མོའི་མགྲོན་ཁང་དུ་ཡུལ་མི་གསུམ་གྱིས་རོགས་པ་བྱེད་ཀྱི་ཡོད་པ་དང་ཁོ་ཚོ་ནི་དཀའ་ངལ་ཆེ་བའི་ཁྱིམ་ཚང་ནས་ཡོང་བ་ཡིན་པ་རེད།  ཡུལ་སྐོར་བ་མང་དུས་ཁོ་ཚོ་མི་རེར་ཟླ་རེར་གླ་ཆ་སྒོར་4000ལྷག་ཙམ་རག་གི་ཡོད།  “ང་ཚོས་ཡུལ་མི་ཚོའི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོ་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བདེ་ཆེན་དབང་མོས་བཤད་པ་རེད།

སྤྱི་ལེ་200ཡི་ཕྱི་རོལ་གྱི་ཀ་ལ་གྲོང་ཚོའི་སྤེན་པས་ཀྱང་རིམ་ཁག་སྲིད་གཞུང་གིས་བསྐྲུན་པའི་ལས་སྟེགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་འདུག  2015ལོར་ཡུལ་དེ་གའི་སྲིད་གཞུང་གིས་ཀ་ལ་གྲོང་ཚོར་སྒོར་ཁྲི་900བཏང་ནས“འབྱོར་འབྲིང་དཔེ་སྟོན་གྲོང་ཚོ”བསྐྲུན་ཏེ་ཡུལ་དེ་གའི་ཡུལ་སྐོར་ལས་རིགས་གོང་འཕེལ་བཏང་ཞིང་།  ཁམ་བུའི་མེ་ཏོག་ལྡུམ་རར་ལྟ་བའི་རྐང་ལམ་དང་། ལྗོངས་གཟིགས་སྒང་།  མཛེས་ལྗོངས་ཁུལ་གྱི་སྤྱི་པའི་གསང་སྤྱོད་སོཌ་རྨང་གཞིའི་སྒྲིག་བཀོད་ཡང་བསྐྲུན་ཡོད་པས།  “ལོ་དེར་ཡུལ་སྐོར་བའི་གྲངས་འབོར་50%འཕར་བ་དང་།  ཕན་པ་ཆེ་ཤོས་ཐོབ་མཁན་ནི་གྲོང་ཚོའི་མི་སེར་རེད”ཅེས་ཀ་ལ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས་བརྗོད་བྱུང་།

སྤེན་པས“ད་ཆ་ང་ཚོའི་གྲོང་ཚོའི་དུད་ཁྱིམ་ཀུན་ལ  ‘ཁམ་བུའི་མེ་ཏོག་གི་ཡོང་འབབ’དང‘ཡུལ་སྐོར་ཡོང་འབབ’རག་པ་དང་།  ‘དྭངས་ཤིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན’ཞེས་པའི་ཚིག་དེ་ངས་གསལ་པོར་རྟོགས་བྱུང་”ཞེས་བཤད་པ་རེད།

ན་ནིང་གི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་།  མི་152ལས་མེད་པའི་ཀ་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལ་སྣེ་ལེན་ཞུས་པ་དང་།  སྒོ་འཛིན་གྱི་ཡོང་འབབ་ཁོ་ན་སྒོར་ཁྲི་280ལྷག་ཙམ་བྱུང་བ།

གྲོང་མི་ཡོངས་ལ་ཁེ་སྤོགས་བགོས་པ་ལས། ནང་མི་8ཀྱི་ཁྱིམ་ལ་མཐོ་ཤོས་སྒོར་ཁྲི་10དང་།  ཉུང་ཤོས་ལའང་སྒོར་ཁྲི་5བགོས་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།