སྔོན་ཐོན་དཔེ་བཟང་བར་ལྟ་བསྡུར་བྱས་ནས་ལང་ཚོའི་བརྗིད་ཆེའི་ལེའུ་རྩོམ་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:08

གཞོན་ནུ་ནི་དུས་རབས་ཀྱི་རླབས་གཤག་ཕོ་རྒོད་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི“གསོན་ཤུགས་དམག”ཅིག་ཡིན་པས།  རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུས་སྔོན་ཐོན་དཔེ་བཟང་བའི་འཐུས་མི་ཚད་ཤིང་དང་།  མིག་དཔེ།  སྐུལ་ལྕག་བཅས་སུ་བརྩིས་ཏེ་དུས་རབས་གསར་པའི“བཟང་པོ་ལྔ་ལྡན་གྱི་གཞོན་ནུ”བརྩོན་ལེན་བྱས་ནས།  དུས་རབས་གསར་པར་བྱས་རྗེས་འཇོག་པའི་འབད་འཐབ་ཀྱི་རྣམ་འགྱུར་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོ་དང་ཕུགས་འདུན་བཀྲག་མདངས་འཚེར་བ་བྱེད་དགོས།

མིག་དཔེ་ཡག་པོ་ནི་ཁྲིད་སྟོན་ཡག་ཤོས་དང་གོ་སྐོན་བློ་འགུག་ཡག་ཤོས་ཤིག་ཡིན་ཞིང་།  གཞོན་ནུའི་སྔོན་ཐོན་དཔེ་སྟོན་བར་སློབ་སྦྱོང་བྱེད་པར།  རང་འགུལ་ངང་མིག་དཔེར་ལྟ་བསྡུར་བྱེད་པ་དང་། ཁོང་ཚོའི་དད་སེམས་བརྟན་པོ་དང་།  ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལ་སློབ་སྦྱོང་བྱས་ནས་རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་།  ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས་པ་དང་།  རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པ།  ཁོང་ཚོའི་རང་འགན་ནན་སྒྲུབ་དང་ལས་གཅེས་ལས་བཀུར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ཏན་ཏན་ཏིག་ཏིག་དང་།  དཀའ་སྒྲུབ་དངོས་སྒྲུབ།  སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་འགན་འཁྲི་གཙང་སྒྲུབ་ངང་ལས་དོན་ཡག་པོ་བསྒྲུབས་པ་དང་།  འཁང་ར་དང་གནོང་འགྱོད་མེད་པའི་སྒོ་ནས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ།  ཁོང་ཚོའི་སློབ་སྦྱོང་ལ་དགའ་ཞིང་ཡར་ཐོན་དང་བློ་སྦྱོང་ལ་སྣང་ཆེན་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཐོག་མི་སྒེར་གྱི་ཀུན་སྤྱོད་ཞུན་བརྡར་བྱེད་པ་དང་།  སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལེགས་སུ་གཏོང་བ།  ལས་རིཌ་ཀྱི་ཀུན་སྤྱོད་གོང་མཐོར་གཏོང་བ།  ཁྱིམ་ཚང་གི་ཀུན་སྤྱོད་དར་སྤེལ་གཏོང་བ་བཅས་བྱེད་དགོས་པ་དང་། སྒྲིག་སྲོལ་སྲུང་བ་དང་།  གུས་ལུགས་ལ་མཐོང་ཆེན། བཀའ་དྲིན་ཚོར་བ།  འགན་འཁྲི་ཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་སྤྱི་དམངས་ཤིག་བྱས་ཏེ་རང་རྟོགས་ངང་ཁྲིམས་གཏན་འཁེལ་བའི་འོས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི“དྲང་ནུས”བརྒྱུད་སྤྲོད་ཧུར་ཐག་བྱེད་དགོས་པ།  ཁོང་ཚོའི་གཞན་གྱི་སྔོན་དུ་བྱེད་ཕོད་པ་དང་རྩེ་མོར་འཛེག་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་རང་འགུལ་ངང་ཁྱད་ལྡན་ཐོན་ལས་དང་།  ཡུལ་སྐོར་ཞབས་ཞུ།  རིག་གནས་བསམ་བཀོད་སོགས་ཁྱབ་ཁོངས་སུ་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱས་ཐོག  དུས་རབས་ཀྱི་འཕེལ་རྒྱས་དང་བྱ་གཞག་གི་བླང་བྱ་དང་འཚམ་མཐུན་ཡོང་བའི་བྱང་ཚད་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་འཕེལ་རྒྱས་དང་།  བརྟན་ལྷིང་།  སྣོད་བཅུད་སོགས་ཀྱི་བྱ་གཞག་ཁག་གི་ཆེད་དུ་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།