ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་གནད་སྨིན་རྡུང་རྡེག་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:08

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱས་ཚུན།  རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  “ཐར་པར་གཏན་ནས་མི་གཏོང་བའི”ལས་ཀའི་རྣམ་འགྱུར་ཐོག་ནས“གཙིགས་ཆེན་དྲུག”ལ་དམིཌ་པ་དང་།  གྱོད་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པ་རེད།

གྱོད་སྒྲུབ་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་ལ་གཙིཌ་ཆེན་བྱས་ཤིང་།  འབྲེལ་ཡོད་གྱི་གྱོད་གཞི་བསྒྲུབ་རྒྱུར་ནུས་ལྡན་གྱི་ཆེད་ལས་ཅན་གྱི་འདེགས་སྐྱོར་བྱ་ཆེད།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོའི་རྐང་འཛིན་པ་མངགས་གཏོང་བྱས་ཏེ་ཆེད་དོན་འཐབ་རྩོད་ཀྱི་ཆེད་ལས་ཅན་གྱི་གྱོད་སྒྲུབ་ཚོགས་པ་ཁྱོན་93བཙུགས་ཡོད་པ་རེད།

ཅན་ཁྲ་ཀྲང་གི“སྣེ་ཁྲིད་ནུས་པ”འདོན་སྤེལ་ལ་གཙིཌ་ཆེན་བྱས་ཤིང་།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཁང་82ཚང་མར་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་དོན་ཁང་བཙུགས་པ་དང་།  ལས་དོན་གྱི་ཆེད་ལས་ཚན་ཁག་བཙུགས་ནས་ཅན་ཁྲ་ཀྲང་ནི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་བ་ཨང་དང་པོར་གཏན་འཁེལ་བྱས་ཡོད།

གྱོད་གཞི་ཚབས་ཆེན་གྱི་གྲོས་མོལ་ལ་གཙིགས་ཆེན་བྱས་ཤིང་།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགག་རྩའི་དོན་དངོས་དང་དཔང་རྟགས་གལ་ཆེན་ལ་དམ་པོར་དམིགས་ནས།  སྤྱི་བདེ་ལས་ཁུངས་དང་ལྷན་དུ་ནག་ཉེས་གཏན་འཁེལ་དང་།  དཔང་རྟགས་ཀྱི་ཚད་གཞི་སོགས་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་གྲོས་མོལ་དང་ཞིབ་འཇུག་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་གཟབ་ནན་དང་དྲང་གཞག་གི་སྒོ་ནས་གྱོད་གཞི་ཐག་གཅོད་བྱ་རྒྱུའི་འགན་ལེན་བྱས་ཡོད།

ནག་གཤེད་ཀྱི་གྱོད་དོན་ལ་སྔོན་ཚུད་ནས་ཐེ་གཏོཌ་བྱ་རྒྱུར་གཙིཌ་ཆེན་བྱས་ཤིང་།  མིག་སྔའི་བར།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྷ་ས་གྲོང་ཁྱེར་མཁའ་འགྲུལ་ཁུལ་གསར་གྱི་བཀྲ་ཆེ་གེ་མོ་སོགས་ནག་གཤེད་དང་འབྲེལ་བའི་མི་10དང་།  ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་རྣམ་ཆེ་གེ་མོ་སོགས་ནག་གཤེད་དང་འབྲེལ་བའི་དཔེ་མཚོན་གྱི་ནག་གཤེད་གྱོད་གཞི་12སྔོན་ལ་ནག་གཤེད་གྱོད་དོན་ནང་བཅུག་ནས་དཔང་རྟགས་འཚོལ་ཞིབ་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱས་ཡོད།

ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་ལ་གཙིགས་ཆེན་བྱས་ཤིང་།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“གྱོད་སྒྲུབ་ཁྲོད་ལྟ་སྐུལ་བྱེད་པ་དང་ལྟ་སྐུལ་ཁྲོད་གྱོད་སྒྲུབ་བྱེད་པའི”ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས“སྔ་ཙམ་རྡུང་རྡེག་གཏོང་བ་དང་ཆུང་ས་ནས་རྡུང་རྡེག་གཏོང་བ”དང་།  “གནད་སྨིན་རྡུང་རྡེག་གཏོང་བ་དང་རྡུང་རྡེག་ཏན་ཏིག་གཏོང་བའི”འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཁྲིམས་ལྟར་ཁྲིམས་གཅོད་ནན་པོ་བྱས་ཡོད།

གྱོད་གཞི་བརྟག་དཔྱད་ལ་གཙིགས་ཆེན་བྱས་ཤིང་།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་།  ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱིས་མྱུལ་ཞིབ་ལས་ཁུངས་ཀྱིས་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་སྤེལ་བ་ནས་བཟུང་།  ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་དང་འབྲེལ་བ་ཡོད་པའི་གྱོད་གཞི་39དང་ཉེས་གསོག་པ་138འཛིན་རྒྱུའི་ཆོག་མཆན་ཞུས་པ་དང་།  ཞིབ་བཤེར་ཁྲིམས་སྦྱོར་དུ་བསྐྱལ་བའི་གྱོད་གཞི་33དང་ཉེས་གསོག་པ་127ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་ཏེ་དེའི་ནང་གི་མྱུལ་ཞིབ་ལས་ཁུངས་ལ་གནས་པའི་ཉེས་གསོག་གྱོད་གཞིའི་ངོ་བོ་གཏན་འཁེལ་བྱེད་པའི་ཐད་མི་མཐུན་པའི་གྱོད་གཞིར་ཕྱོགས་ཡོངས་ནས་བསྐྱར་བཤེར་བྱས་ཏེ་གནད་དོན་ལ་དམིགས་པ་དང་།  གནད་དོན་ལ་ཞིབ་འཇུག  གནད་དོན་ཐག་གཅོད་བཅས་ཀྱི་ཐོག་ནས་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།