སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པས། དུད་ཚང་དབུལ་པོར“གནད་སྨིན་བྱ་ཐབས”བཏོན་ནས་ཐོན་ལས་གཏན་འཁེལ་

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:08

སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུད་ཚང་དབུལ་པོར་དུས་བཀག་དང་དུས་ངེས་མེད་ཀྱི་འདྲི་རྩད་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དང་དཀའ་ངལ་ལ་དུས་ཐོག་ཏུ་རྒྱབ་སྐྱོར་དང་ཐག་གཅོད་ཀྱིས་དབུལ་པོ་རང་ལོག་གི་གནད་དོན་གཏན་འགོག་བྱས་པ་རེད།

དུད་ཚང་དབུལ་པོའི་ཁྲོད“སྒུག་རྟེན་སློང་གསུམ”གྱི་བསམ་བློ་སྔར་བཞིན་གནས་པའི་གནད་དོན་ལ་དམིགས་ཏེ་སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་སྟེ“བཞི་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་ལས་ཀའི་ལམ་སྲོལ་དང་།  དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྔར་ཡོད་ཀྱི་བསམ་བློའི་སློབ་གསོའི་རྨང་གཞིའི་ཐོག་དབུལ་སྐྱོར་དང་བློ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་རང་ངོས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་གཏིང་ཟབ་བྱས་པ་དང་།  གྲོན་དངུལ་འདང་ངེས་ཡོད་པའི་ཆ་རྐྱེན་འོག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འཐུས་མི་སྒྲིག་འཛུགས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཅུང་ལེགས་པའི་གྲོང་ཚོར་ལྟ་སྐོར་དུ་ཁྲིད་པ་རེད།

སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་དུད་ཚང་དབུལ་པོའི་དགོས་མཁོ་དངོས་ལ་གཞིགས་ཏེ“གནད་སྨིན་བྱེད་ཐབས”བཏོན་པ་དང་།  དུད་ཚང་དབུལ་པོར་རང་ངོས་དང་འཚམ་པའི་འབབ་འཕར་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཏེ་ཉེ་དུས་ཀྱི་དབུལ་སྒྲོལ་དང་ཕུགས་ཀྱི་ཕྱུག་འགྱུར་ཟུང་འབྲེལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དུད་ཚང་དབུལ་པོའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་ཡོད།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོན་ལས་དབུལ་སྐྱོར“ཡོངས་ཁྱབ”ཐུབ་པའི་རྨང་གཞིའི་ཐོག་ཞིང་ལས་འཚམ་སར་ཞིང་ལས་དང་།  ལས་གཏོད་འཚམ་སར་ལས་གཏོད། ལས་ཞུགས་འཚམ་སར་ལས་ཞུགས།  ཚོང་གཉེར་འཚམ་སར་ཚོང་གཉེར་བཅས་བྱེད་པའི་བསམ་ཕྱོགས་གཞིར་བཟུང་།  དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྲ་བརྟན་དུ་གཏོང་བ་དང་།  མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།  ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་གཏོང་བ་བཅས་བྱ་ཆེད།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་དབུལ་པོས་རྨོངས་ཚོད་ཀྱིས་ལས་ཞུགས་བྱེད་པ་དང་།  ཆེད་ལས་རྩལ་ནུས་མི་འདང་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཀྱིས་རྩལ་ནུས་གསོ་སྦྱོང་དང་།  མང་ཚོགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་མུ་མཐུད་དམ་འཛིན་གྱིས་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་ཐབས་ལམ་གསར་གཏོད་བྱས་པ་རེད།

དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ།

དབུལ་སྐྱོར་གྱི་ཕན་འབྲས་

བརྟན་དུ་བཏང་བ།

ཐོན་ལས་ལ་མངོན་གསལ་དོད་པོས་

རོགས་སྐྱོར་བྱས་ཏེ།

ཞིང་དུད་ཀྱི་འབབ་འཕར་བརྟན་དུ་བཏང་བ།

རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ།

མང་ཚོགས་ཀྱི་འབབ་འཕར་འཇོན་ཐང་ཆེ་རུ་བཏང་བ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།