སྙན་རོང་རྫོང་དིས་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པས། བྱེད་ཐབས་སྣ་མང་སྤྱད་ནས་གཅེས་སེམས་འབུལ་བ་དང་དྲོ་སྐྱིད་སྦྱིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:02

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ།  སྙན་རོང་རྫོང་སོག་གཞུང་ཤང་དིས་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པ(རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ)གྲོང་ཚོར་བཅའ་སྡོད་བྱས་ཚུན།  “ལེའུ་ཧྥུང་གི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བྱ་བ་ཨང་དང་པོར་འཇོག་པ་དང་།  བཅའ་སྡོད་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་གཅེས་སེམས་འབུལ་བ་དང་དྲོ་སྐྱིད་སྦྱིན་གྱི་ཡོད་པ་རེད།

དབུལ་སྐྱོར་དཀའ་སེལ་བྱས་ནས་གཅེས་སེམས་མཚོན་པར་བྱས།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གང་འདྲ་ཡོད་མེད་སོགས་ཀྱི་གནད་དོན་གྲོང་སྡོད་ལས་བྱེད་པས་རྟག་ཏུ་སེམས་ལ་ཉར་གྱི་ཡོད།  དུད་ཚང་དུ་འཚམས་འདྲིར་སྐྱོད་སྐབས།  གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་ལྷ་གཡུ་ལོ་ན་མཐོ་ཞིང་ལུས་ལ་ན་ཚ་ཡོད་པ་མ་ཟད།  འཚོ་བའི་ཆ་རྐྱེན་སྐྱོ་པོ་ཡོད་པ་ཤེས་རྗེས།  མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་སྨན་སོགས་ཉོས་པ་དང་འབྲེལ་ནང་སའི་གཅེས་སེམས་མི་སྣ་དང་མཐུན་སྦྱོར་བྱས་ཏེ་དགུན་ཆས་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་རེད།  མིག་སྔའི་བར་དགུན་ཆས་300ལྷག་ཙམ་འབྱོར་ཡོད།

སློབ་ཚན་ཁྲིད་ནས་སློབ་མར་གསོ་སྦྱོང་བྱས།  གྲོང་ཚོའི་སློབ་ཆུང་སློབ་མའི་སློབ་སྦྱོང་གི་རྨང་གཞི་ཞན་པ་དང་སྦྱོང་འདོད་ཀྱི་སེམས་ཤུགས་ཆེ་བའི་གནས་ཚུལ་ལ་དམིགས་ཏེ།  གྲོང་སྡོད་ལས་དོན་རུ་ཁག་གིས་དགུན་ཁའི་གུང་གསེང་གི་དུས་ཚོད་རིང་ཁོང་ཚོར་ཟུར་ཁྲིད་འཛིན་གྲྭ་བཙུགས་པ་མ་ཟད།  མ་དངུལ་སྒོར་4000ལྷག་ཙམ་གྲབས་གསོག་གིས་ཕྲུ་གུ་ཚོར་ཡིག་ཆས་ཉོས་པ་དང་འབྲེལ་ནང་སའི་མཐོ་སློབ་ནས་འཛམ་གླིང་གི་གསུང་རྩོམ་གྲཌ་ཅན་གྱི་དེབ་སྒམ་9དང་།  དེབ་ཆ་ཚང་14ཞལ་འདེབས་སུ་བསླངས་པ་རེད།  མིག་སྔའི་བར་གྲོང་སྡོད་ལས་དོན་རུ་ཁག་གིས་སློབ་མ་ཚོར་སློབ་ཚན་100ལྷག་ཙམ་ཟུར་ཁྲིད་བྱས་པས་ཕྲུ་གུ་ཚོའི་སྦྱོང་སེམས་འཕེལ་བ་མ་ཟད་ཤེས་རྒྱ་ཡང་ཆེ་རུ་ཕྱིན་ཡོད་པ་རེད།

སེམས་ཁྲལ་དང་དཀའ་ངལ་བསལ་ནས་ལག་རྩལ་བསླབས་པ།  མང་ཚོགས་ཀྱིས་གསོ་ཚགས་བྱས་པའི་འབྲི་གཡག་ལ་ནད་ཡམས་འགོས་ནས་ཤི་བའི་གནས་ཚུལ་མི་ལྷག་པ་བྱ་ཆེད།  ཉིན་ཤས་རིང་།  གྲོང་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་འབྲོག་ལས་ཚན་རིག་སུའོ་དང་སྐྱེ་དངོས་སྨན་རྫས་བཟོ་གྲྭ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རིམས་འགོག་སྨན་ཁབ་7000ལྷག་ཙམ་བསླངས་ནས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།