ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱིས་། གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:01

ཉེ་བའི་ལོ་ཤས་རིང་།  གཞིས་རྩེ་གྲོང་ཁྱེར་གྱིས“6677”གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུར་དམིགས་པ་དང་།  དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དམིགས་པ།  ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་མ་ཟད།  སྤུས་ཚད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ་དང་།  ལྗང་མདོག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ།  ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཤུགས་རྒྱག་སར་བྱེད་པ།  ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དོན་ལ་བབས་སར་བརྩིས་ནས་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས།  སྔོན་རྩིས་བྱས་ན།  གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10424ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད་པ་རེད།

ཐོན་ནུས་རྒྱ་ཆེར་གཏོང་རྒྱུར་དམིགས་ནས། ——

ཞིང་འབྲོག་ཐོན་རྫས་ཀྱི་མཁོ་སྤྲོད་འདང་ངེས་དང་བརྟན་པོའི་ངང་མཐོ་རུ་བཏང་བ།

ཉེ་བའི་ལོ་ཤས་རིང་།  གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་འཛིན་གྱི་སྐུལ་འདེད་གཏོང་ཤུགས་ཆེ་རུ་ལས་ཆུང་དུ་མི་གཏོང་བ་དང་།  ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་ལས་ཆུང་དུ་མི་གཏོང་བ།  སོན་བཟང་ཁྱབ་གདལ་གཏོང་ཁྱོན་ཆེ་རུ་ལས་ཆུང་དུ་མི་གཏོང་བ།  དངོས་ཟོག་གཏོང་བའི་ཆུ་ཚད་མཐོ་རུ་ལས་དམའ་རུ་མི་གཏོང་བ།  ཚན་རྩལ་གྱི་ཞབས་འདེབས་ཞུ་ནུས་ཆེ་རུ་ལས་ཆུང་དུ་མི་གཏོང་བ་བཅས་ཀྱི་ལས་དོན་ཁག་ལྔར་དམ་འཛིན་ཡག་པོ་བྱེད་པ་དང་།  འབྲུ་རིགས་ལྗང་མདོག་དང་སྤུས་ཆེ་དང་ཕན་ཆེའི་གཏོད་འཛུགས་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་73དང་།  “མུའུ་སྟོང་གི་རྒྱ་མ་སྟོང”དང“མུའུ་བརྒྱ་ཡི་རྒྱ་མ་སྟོང”གི་ཐོན་འབབ་མཐོ་བའི་ནས་འདེབས་གསོའི་དཔེ་སྟོན་ཁུལ་145  ས་དཔྱད་ལུད་སྦྱོར་གྱི་ལུད་བརྒྱབ་པའི་དཔེ་སྟོན་མུའུ་ཁྲི་78བཅས་དོན་འཁྱོལ་བྱས་ཡོད།  ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་89.85དོན་འཁྱོལ་བྱས་པས་ནས་ཀྱི་སོན་བཟང་ཁྱབ་ཚད་94%ཡན་ཟིན་ཡོད།  ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་བ་ལ་དམིགས་ནས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་77849བསྐྲུན་ཡོད།  ནས་ཀྱི་སོན་བཟང་ཁྱབ་གདལ་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཟིན་ཏེ་མུའུ་ཁྲི་60.002ཟིན་པའི“ཧི་མ་ལ་ཡ་ཨང་22”དང་མུའུ་ཁྲི་18.28ཟིན་པའི“བོད་ནས་ཨང་2000”དོན་འཁྱོལ་བྱས་པ་རེད།

2018ལོར།  གྲོང་ཁྱེར་ཡོངས་ཀྱི་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་453.78ཟིན་པ་དང་གསར་སྐྱེས་ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་ཁྲི་149.84ཟིན་ནས་གསོན་ཚད་93.1%ཟིན་པ་དང་།  བཤས་བཏང་བའི་ཕྱུགས་རིགས་མགོ་གྲངས་ཁྲི་158.01ཟིན་པ། ཤ་དང་། འོ་མ།  སྒོ་ང་བཅས་ཀྱི་ཐོན་ཚད་ཏུན་ཁྲི་4.93དང་། ཏུན་ཁྲི་11.18  ཏུན་913.5བཅས་སོ་སོར་ཟིན་ཡོད་པ་རེད།

སྤུས་རྟགས་ལ་བརྟེན་ནས་གྲོང་གསེབ་སྟོབས་ཆེར་གཏོང་རྒྱུར་དམིགས་ཏེ། ——

དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོ་མོའི་མོག་རོ་དང་། གམ་པའི་ལུག  ཨེ་མ་སྒང་གི་ཞོག་ཁོག  ཕག་རིའི་འབྲི་གཡག་སོགས་ཐོན་རྫས་རབ་དང་རིམ་པར་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་གི་དཔང་བདེན་ར་སྤྲོད་ཐོབ་པ་དང་།  2018ལོར།  པ་སྣམ་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གཏོད་འཛུགས་མིང་ཐོར་བདེ་བླག་ངང་ཚུད་ནས་མིང་ཐོའི་ནང་ཚུད་པའི་རང་ལྗོངས་ཀྱི་ཞིང་ལས་ཐོན་ལས་གླིང་ཐོག་མ་དེར་གྱུར་ཡོད།

གཞིས་རྩེའི་འོ་མ་དང་། གཞིས་རྩེའི་ནས། འབྲོང་པའི་གནའ་བ་ཁམ་པ། ཧོར་པའི་ལུག  གཞིས་རྩེའི་ཡུག་པ། སྐེད་ལག་འབྲི་གཡག ཟངས་ཟངས་འབྲི་གཡག  ཟངས་ཟངས་མར་སོགས་ས་ཁམས་མཚོན་རྟགས་8ཀྱི་མཚོན་བྱེད་ཚོང་རྟགས་ལ་རྒྱལ་ཁབ་ཚོང་རྟགས་ཅུས་ཀྱི་ཐོག་མའི་ཞིབ་བཤེར་བྱས་ཟིན་པ་དང་།  གྲོང་ཁྱེར་ཡོངས་སུ་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་26ཡོད་པ་དང་།  སྤྱི་གནོད་མེད་པའི་ཐོན་རྫས་དཔང་བདེན་ར་སྤྲོད་ཐོབ་པ་32ཡོད་པ་བཅས་ལས་པ་སྣམ་རྫོང་འདི་ཉིད་ལྗོངས་ཡོངས་ཀྱི་སྤྱི་གནོད་མེད་པའི་ཐོན་རྫས་ངོས་འཛིན་དང་ལག་ཁྱེར་སྤྲད་པའི་རྫོང་དང་པོར་གྱུར་ཡོད།

མིག་སྔར།  གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་18བར་མང་དུ་ཕྱིན་པར་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་16.1ཟིན་པ་དང་།  ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་5.85ཟིན་པ།  ཁེ་བཟང་སྒོར་དུང་ཕྱུར་1.2ཟིན་པ།  མི་གྲངས་3752དུས་ཡུན་རིང་པོ་ལས་ཞུགས་ལ་སྐུལ་ཁྲིད་ཐེབས་པ་བཅས་དང་།  ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་720ཟིན་པར་རྒྱལ་ཁབ་རིམ་པའི་མཉམ་ལས་ཁང་14ཡོད་པར་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3.8ཟིན་པ་དང་།  ཁོངས་མི་7000ལྷག་ཟིན་པ། དུད་ཚང་དབུལ་པོ་ཁྲི་2.7ལ་སྐུལ་ཁྲིད་ཐེབས་པ་བཅས་རེད།

སྒྱུར་བཅོས་ཟབ་གཏོང་ལ་དམིགས་ནས། ——

གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ ལམ་ལུགས་སྒྱུར་བཅོས་ལ་སྐུལ་  འདེད་བརྟན་པོ་བཏང་བ།

གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་

ལམ་ལུགས་སྒྱུར་བཅོས་ལ་སྐུལ་

འདེད་བརྟན་པོ་བཏང་བ།

ཉེ་བའི་ལོ་གཉིས་ནང་། པ་སྣམ་རྫོང་གི་ཤང་དང་གྲོང་རྡལ་5དང་། སྲིད་འཛིན་གྲོང་ཚོ་16  དུད་ཚང་1000ལྷག་ཙམ་གྱི་ས་ཞིང་བརྒྱུད་བཤུག་བཏང་བར་རྒྱ་ཁྱོན་མུའུ་20894ཟིན་པ་དང་།  ས་ཞིང་བརྒྱུད་བཤུག་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ཡན་བྱུང་ཡོད་པ་རེད།

མིག་སྔར།  གཞིས་རྩེ་གྲོང་ཁྱེར་གྱི་ས་ཞིང་གི་དབང་ཆ་གཏན་འཁེལ་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཏེ་འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་105146སྤྲད་ནས་ལག་ཁྱེར་སྤྲོད་ཚད་97.41%ཟིན་ཡོད།  ས་དགའ་རྫོང་གིས་རྩྭ་ཐང་གི་དབང་ཆ་གཏན་འཁེལ་གྱི་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་ནས་དེ་བྱིངས་རྫོང་དང་ཆུས་ཀྱི་མང་ཚོགས་ཀྱིས་ས་ཞིང(རྩྭ་ར)བརྒྱུད་བཤུག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་རྨང་གཞི་འདིང་བཞིན་ཡོད་པ་རེད།

རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་རྒྱག་པའི་ལས་དོན་ཐད།  གཞིས་རྩེ་གྲོང་ཁྱེར་གྱིས་པ་སྣམ་དང་། རྒྱལ་རྩེ།  གྲོ་མོ་བཅས་རྫོང་3གྱི་ཤང་དང་གྲོང་རྡལ་37དང་། སྲིད་འཛིན་གྲོང་ཚོ་291  གྲོང་མིའི་ཚོགས་ཆུང་429བཅས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་རྒྱག་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་།  དེ་བྱིངས་རྫོང་དང་ཆུས་ཀྱི་ཚོད་ལྟའི་ཤང་དང་གྲོང་རྡལ་གྱི་གཙང་བཤེར་ཞིབ་རྩིས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།

མིག་སྔར།  ཤང་དང་གྲོང་རྡལ་196ལ་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་ལེགས་གྲུབ་ཐུབ་ཚད་97.03%ཟིན་པ་དང་།  བེད་སྤྱོད་གཏོང་འགོ་ཚུགས་པའི་ལས་གྲྭ་145ཡོད་པ་དང་བེད་སྤྱོད་གཏོང་འགོ་ཚུགས་ཚད་71.78%ཟིན་ཡོད།  ཞིང་འབྲོག་ལས་ཀྱི་གསོ་སྦྱོང་སྣ་ཚོགས་ཐེངས་8བྱས་པར་མི་གྲངས་1250

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།