རང་ལྗོངས་ཀྱི་དབུལ་སྒྲོལ་ཕན་འབྲས་ལ་ལོ་3བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསྔགས་བརྗོད་ཐོབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-27 18:26:23

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།  རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པའི་གཏམ་བཟང་འབྱོར་ཞིང་།  《2018ལོའི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་གལ་ཆེན་དོན་འཁྱོལ་གྱི་དངོས་འཛིན་དངོས་སྒྲུབ་ཀྱི་ཕན་འབྲས་མངོན་གསལ་དོད་པའི་ས་གནས་ལ་ལྟ་སྐུལ་ཞིབ་བཤེར་དང་ལྕག་སྐུལ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཁྱབ》ཉེ་ཆར་བཀྲམ་པ་རེད།  《བརྡ་ཁྱབ》ཀྱི་ནང་བོད་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་10ལ་2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་རིང་ལོ་འཁོར་གྱི་འཆར་གཞི་ལེགས་གྲུབ་དང་།  དབུལ་པོ་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པ།  ཕྱོགས་བསྡུས་གདེང་འཇོག་ལེགས་པ་བཅས་ཀྱི་ས་གནས་གཏན་འཁེལ་བྱས་ནས་རྒྱལ་ཁབ་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་བགོ་བཤའི་ཁྲོད་ནས་བྱ་དགའ་ངེས་ཅན་ཞིག་སྤྲོད་རྒྱུ་རེད།  དེ་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཞིབ་དཔྱད་ལ་ལོ་3བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་མིང་བཏོན་ནས་བསྔགས་བརྗོད་དང་ལྕག་སྐུལ་བྱེད་པའི་ལོ་གསུམ་པ་དེ་ཡིན་པ་རེད།

རང་ལྗོངས་ནི་ཀྲུང་དབྱང་གིས་གཏན་འཁེལ་གསལ་པོ་བྱས་པའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན།  2016ལོའི་ལོ་མཇུག་ཏུ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རྩའི་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང“གནད་སྨིན་དྲུག”དང“ཁག་གཅིག་རེ་ལྔའི”བླང་བྱ་གཞིར་བཟུང“ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་།  འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས།  སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པའི”དམིགས་ཚད་ལ་དམ་པོར་གཞིགས་ཏེ།  ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཡོང་བར་ཤུགས་སྣོན་བརྒྱབ་ནས་རྫོང(ཆུས)55ཡི་དབུལ་ཞྭ་ཕུད་པ་དང་།  གྲོང་ཚོ(གྲོང་ལྷན)དབུལ་པོ་4714ཕྱིར་འཐེན་བྱས་པ།  མི་འབོར་ཁྲི་47.8དབུལ་སྒྲོལ་ཐུབ་པ་བཅས་བྱུང་སྟེ་དབུལ་པོར་འགྱུར་ཚད་2015ལོའི་གོང་གི་35.2%ནས་ད་ཆའི་6%མན་ཆག་ཡོད་པ་རེད།

འདི་ལོ་རང་ལྗོངས་ཀྱིས་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་ཐོན་ལས་དབུལ་སྐྱོར་དང་།  ལས་ཞུགས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། གནས་སྤོས་དབུལ་སྐྱོར།  བདེ་ཐང་དབུལ་སྐྱོར་སོགས“བྱ་སྤྱོད་བཅུ”ལག་ལེན་ཤུགས་ཆེན་བསྟར་ནས་རྫོང(ཆུས)ལྷག་མ་19ཡི་དབུལ་ཞྭ་འབུད་རྒྱུ་དང་མི་འབོར་ཁྲི་15དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།