ཟླ་6ཚེས་23ཉིན་གཟུགས་པོར་བརྟག་དཔྱད་དང་། ངོ་རྒྱུགས། ལུས་རྩལ་ཡིག་རྒྱུགས་སོགས་ལ་ཞུགས་མཁན་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-27 18:26:17

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  ཚེས་24ཉིན་གསར་འགོད་པས་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱས་པར།  2019ལོའི་སྤྱི་བདེ་སློབ་གླིང་གི་སྤྱི་བདེའི་ཆེད་ལས་ལ་དང་བླངས་མིང་ཐོ་འགོད་མཁན་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་མ་གཟུགས་པོར་བརྟག་དཔྱད་དང་།  ངོ་རྒྱུགས། ལུས་རྩལ་ཡིག་རྒྱུགས། དེ་བཞིན་ཆབ་སྲིད་བརྟག་དཔྱད་ལ་ཞུགས་མཁན་རེད།

རྒྱལ་ཁབ་ཀྱི་མཐོ་རྒྱུགས་སློབ་བསྡུའི་འབྲེལ་ཡོད་གཏན་འབེབས་ལྟར།  སྤྱི་བདེའི་སློབ་གླིང་གི་སྤྱི་བདེའི་ཆེད་ལས་ལ་དང་བླངས་མིང་ཐོ་འགོད་མཁན་ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་གཟུགས་པོ་བརྟག་དཔྱད་དང་།  ངོ་རྒྱུགས། ལུས་རྩལ་ཡིག་རྒྱུགས།  དེ་བཞིན་ཆབ་སྲིད་བརྟག་དཔྱད་ཀྱི་ཚད་ལོན་དགོས་ཀྱི་ཡོད་པ་རེད།

ཡིག་རྒྱུགས་ལ་ཞུགས་མཁན་ནི་2019ལོར་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དང་།  ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་། ལྕགས་ལམ་ཉེན་རྟོག་སློབ་གླིང་།  ཀྲེ་ཅང་ཉེན་རྟོག་སློབ་གླིང་བཅས་སྤྱི་བདེའི་སློབ་གླིང་བཞི་ལ་དང་བླངས་མིང་ཐོ་འགོད་མཁན་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་མ་རེད།

ཡིག་རྒྱུགས་ཀྱི་དུས་ཚོད་ཟླ་6ཚེས་23ཉིན་ཡིན་པ་དང་ཡིག་རྒྱུགས་གཏོང་ས་བོད་ལྗོངས་ཉེན་རྟོག་མཐོ་སློབ་ཆེད་ཚན་སློབ་གླིང(བོད་ལྗོངས་ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་སྒོ་རྟགས་ཨང་68)དུ་ཡིན་ཞིང་།  ཡིག་རྒྱུགས་གཏོང་མཁན་སློབ་མར་གཟུགས་པོ་བརྟག་དཔྱད་དང་། ངོ་རྒྱུགས།  ལུས་རྩལ་ཡིག་རྒྱུགས་བཅས་བྱེད་མཁན་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།