ཆབ་མདོས“གྲོང་ཚོ་བརྒྱར་བཅོས་སྒྲིག་དང་གྲོང་ཚོ་སྟོང་མཐོར་གཏོང”གི་འཆར་གཞི་ལག་བསྟར་བྱེད་པ། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ལ་གཙོ་གནད་བཅོས་སྒྲིག་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-27 18:26:17

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།  ཆབ་མདོ་གྲོང་ཁྱེར་གྱིས《“གྲོང་ཚོ་བརྒྱར་བཅོས་སྒྲིག་དང་གྲོང་ཚོ་སྟོང་མཐོར་གཏོང”གི་འཆར་གཞི་ལག་བསྟར་བྱས་ནས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཟོས་པ་དང་སྦྲགས་བཀྲམ་ནས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་།  ཚན་ཁག་གི་ཁོངས་མིའི་འཇོན་ཐང་ཞན་པ།  དཔལ་འབྱོར་མཉམ་སྡེབ་ལ་ཡོང་འབབ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་གྱིས་ལོ་ལྟར་10%ལས་མི་ཉུང་བའི་བསྡུར་གྲངས་གཞིར་བཟུང་མཇུག་གནས་ལྡོག་བཤེར་གྱི་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ(གྲོང་ལྷན)1000ལྷག་ཙམ་གྱི་ཏང་རྩ་འཛུགས་ལ་གཙོ་གནད་བཅོས་སྒྲིག་བྱས་པ་དང་།  དེ་བྱིངས་ཀྱི་གྲོང་ཚོ(གྲོང་ལྷན)1000ལྷག་ཙམ་གྱི་ཏང་རྩ་འཛུགས་ལེགས་སྒྲིག་དང་འཇོན་ཐང་ཆེ་རུ་བཏང་ཡོད།  འཆར་གཞི་ལྟར་ན་ལོ་3འབད་བརྩོན་བྱས་པ་བརྒྱུད་2021ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས“ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲང་བ”སོགས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་མཁན་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།