གཞིས་རྩེས་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ། སྒྲིག་འཛུཌ་ཡོད་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་བདུན་སྟོང་ལྷག་ཙམ་ཟིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-27 18:26:17

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ།  འདི་ལོ་ཚུན།  གཞིས་རྩེ་གྲོང་ཁྱེར་གྱིས་ངལ་ནུས་ཕྱིར་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་ལམ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཐོག་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱེད་ཚད་མཐོ་རུ་གཏོང་བར་དམིགས་ནས་ལས་དོན་ཁག་ཏན་ཏིག་བསྒྲུབས་པས།  འདི་ལོའི་ཟླ་དང་པོའི་ཟླ་འགོ་ནས་ཟླ་བཞི་པའི་ཟླ་མཇུག་བར།  གཞིས་རྩེ་གྲོང་ཁྱེར་གྱིས་སྒྲིག་འཛུགས་ཡོད་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་བྱེད་ཚད་ཁྱོན་མི་7769ཟིན་ཡོད་པ་རེད།

ངལ་ནུས་ཀྱི་གཞི་གྲངས་མཐིལ་རྟོགས་བྱེད་ཆེད།  གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་རྫོང་(ཆུས)18ཀྱི་ངལ་ནུས་མཉམ་ལས་ཁང་ལ་བརྟག་ཞིབ་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ངལ་ནུས་མཉམ་ལས་ཁང་འཛུགས་པའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་།  རིགས་དབྱེ་ནས་གྲོང་ཁྱེར་ཡོངས་ཀྱི་མི་ཁྲི་35ལྷག་ཙམ་ཡོད་པའི་ངལ་ནུས་ཐོན་ཁུངས་གྲངས་གཞིའི་མཛོད་དང་དེ་བཞིན་ངལ་ནུས་ཕྱིར་གཏོང་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཆ་འཕྲིན་ཐོ་འགོད་མ་ལག་བཙུགས་ནས།  ངལ་ནུས་ཕྱིར་གཏོང་ཐོན་ཁུངས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།