སློབ་གྲྭར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་དྲིལ་བསྒྲགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-24 16:56:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་22ཉིན་གནས་ཚུལ་འབྱོར་གསལ།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གྲྭའི་རྒྱ་ཆེའི་གཞོན་ནུ་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད།  ཉེ་ཆར།  ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་ནས་གྲོང་ཁྱེར་སྤྱི་བདེ་ཅུས་དང་།  གྲོང་ཁྱེར་ཁྲིམས་འཛིན་ཅུས།  གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པས་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་རྙིང་པར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐོར་སྐྱོད་དྲིལ་བསྒྲགས་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་གྱོད་དཔེ་དྲངས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་ནས།  སློབ་མའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱེད་སྒོ་དང་ཟུང་འབྲེལ་བྱས་པ་དང་།  སློབ་མ་ཚོར་ཆེད་དོན་འཐབ་རྩོད་དང་རང་ངོས་ཀྱི་བདེ་འཇགས་དང་ཉེན་ཁའི་དབར་འབྲེལ་བ་དམ་ཟབ་ཡོད་པ་གཏིང་ཟབ་ཚོར་དུ་བཅུག་ནས་ཚང་མར་ཁྲིམས་ཤེས་པ་དང་།  ཁྲིམས་རྟོགས་པ།  ཁྲིམས་སྲུང་བ་བཅས་བྱེད་དགོས་པའི་སློབ་གསོ་བརྒྱབ་སྟེ་ཚང་མས་ནག་ཚོགས་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བཏང་ཡོད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།