ལྷ་ས་གྲོང་ཁྱེར་གྱིས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-24 16:56:17

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  ལྷ་ས་གྲོང་ཁྱེར་གྱིས་བྱེད་སྒོ་ཧུར་ཐག་སྤེལ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་བ་རེད།

ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་དང་འབྲེལ་བ་བྱས་ཏེ།  སྡེ་ཁུལ་དུ་འོས་འགན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གྲོང་མི་མང་ཚོགས་300ལྷག་ཙམ་དང་དེ་བཞིན“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས།  ཁེར་རྐྱང་བཟོ་ཚོང་དུད་ཚང་།  ཆེད་ལས་ཁྲོམ་ར”བཅས་ཀྱི་དཔལ་འབྱོར་གྱི་ཏང་རྩ་འཛུགས་ཀྱི་ཁོངས་མི་བཅས་ལ་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་བ་རེད།

སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་གྲོང་ཚོ་ཡོངས་ཀྱི་ཁྱབ་ཁོངས་ནང་།  བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དྲིལ་བསྒྲགས་ཀྱང་བྱས་པ་རེད།

མལ་གྲོ་གུང་དཀར་རྫོང་རིན་ཆེན་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་གྲྭ་དམངས་སྒྲིག་འཛུགས་བྱས་ནས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

ལྟ་སྐོར་བྱས་པ་བརྒྱུད།  དགེ་འདུན་པ་ཚོས་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་འཚོ་བ་ཤེས་རྟོགས་བྱུང་བ་མ་ཟད།  ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་ལུགས་དང་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་།  གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་ཡིན་པ་གང་ལེགས་ཚོར་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།