དུས་ཚིགས་དང་པོར་ལྗོངས་ཡོངས་སུ་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་དུང་ཕྱུར་7.22ཟིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-22 11:05:28

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  གསར་འགོད་པར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར།  འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་ཁྲི་72151.33ཟིན་པའི་ནང་2019ལོར་སྲིད་ཇུས་གསར་པ་བཏོན་རྗེས་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་ཁྲི་16875.42ཟིན་པ་དང་2018ལོར་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་བཏོན་རྗེས་2019ལོའི་ལོ་མཇུག་ཏུ་དཔྱ་ཁྲལ་ཆག་ཡང་གཏོང་ཚད་སྒོར་ཁྲི་55275.91ཟིན་ནས་དཔྱ་ཁྲལ་ཆག་ཡང་གི་ཕན་འབྲས་མངོན་གསལ་དོད་ལ།  ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱི་ཕན་པ་དེ་རང་ལྗོངས་ཀྱི་ཁེ་ལས་ཡོངས་ལ་ཐོབ་ཡོད་པ་རེད།

དུས་ཚིགས་དང་པོའི་རེ་ཞུའི་གནས་ཚུལ་ནས་བལྟས་ན།  རང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་གི་ལས་དོན་ཐད་ཕན་འབྲས་བཟང་པོ་ཐོན་པ་དང་།  ཆག་ཡང་བཏང་མང་བ། དམངས་གཉེར་ཁེ་ལས་ལ་ཕན་པ་ཐོབ་མང་བ་བཅས་ཀྱི་ཁྱད་ཆོས་མངོན་ཞིང་།  རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དཔྱ་ཁྲལ་ཆག་ཡང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལག་བསྟར་བྱས་རྗེས་རང་ལྗོངས་ཀྱི་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་རྒྱུར་ཕན་པ་ཐོབ་ལ་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་ལ་སྐུལ་འདེད་དང་ལས་ཞུགས་བརྟན་གཏོང་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།  (བསྟན་འཛིན་བཟང་མོས་བསྒྱུར།  པ་སངས་དང་བསྟན་བཟང་གིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།