པད་ནག་གྲོང་ཚོར་འབབ་འཕར་ཕྱུག་འགྱུར་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-22 11:05:27

QQ截图20190522103435.png

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོས་ས་གནས་དེ་གའི་ཁོར་ཡུག་གི་ལེགས་ཆ་སྤྱད་དེ་བུད་མེད་ཀྱི་འབྲི་ཏ་ས་འཛིན་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་།  མཉམ་ལས་ཁང་དེས་ས་གནས་དེ་གའི་བུད་མེད་42ལས་ཀར་བསྡུས་ནས་ཐོན་སྐྱེད་དང་། དོ་དམ།  ཐུམ་སྒྲིལ། བྲིན་ཚོང་བཅས་བཞི་གཅིག་གྱུར་གཉེར་སྐྱོར་ལམ་སྲོལ་ལག་བསྟར་བྱས་ཡོད།  ད་ཆ་མཉམ་ལས་ཁང་དུ་ལོར་འབྲི་ཏ་ས་འཛིན་རྒྱ་མ་ཁྲི་2ཐོན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་60ཟིན་ནས་གྲོང་ཚོའི་མཉམ་སྡེབ་ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་བྱུང་ཞིང་།

འདི་ནི་ཉེ་ཆར་སྟག་རྩེ་ཆུས་པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་དུད་ཚང་གི་བུད་མེད་ཀྱིས་འཐོག་མ་ཐག་པའི་འབྲི་ཏ་ས་འཛིན་སྟོན་བཞིན་ཡོད་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།