ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་སྐུལ་འདེད་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-22 11:05:27

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་19ཉིན་གནས་ཚུལ་འབྱོར་གསལ།  ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རང་ལྗོངས་སུ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་སྔར་ལས་ཡག་པོ་སྒྲུབ་ཆེད།  ཚེས་18ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།  ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་གོམ་སྟབས་རྗེས་མའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཁྲོད་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སླར་ཡང་མཐོ་རུ་བཏང་སྟེ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བོད་དུ་ཕེབས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།  སླར་ཡང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ཆེད་དོན་འཐབ་རྩོད་ཀྱི་ཤེས་བྱའི་ཀློག་དེབ་གང་མགྱོགས་རྩོམ་སྒྲིག་དཔེ་སྐྲུན་དང་།  རྩ་འཛུགས་ཀྱི་འགོ་ཁྲིད་ལ་སླར་ཡང་ཤུགས་སྣོན་བརྒྱབ་ཏེ་གྲོང་ཁྱེར(ས་ཁུལ)ཨུ་ལྷན་ཁག་གི་འགོ་ཁྲིད་པ་གཙོ་བོས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་།  ཁུངས་སྣེ་མཐིལ་རྟོགས་ཟབ་ཏུ་བཏང་སྟེ་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་དང་ད་ཡོད་ཀྱི་ཁུངས་སྣེ་གཙང་བཤེར་བྱེད་པ།  དྲིལ་བསྒྲགས་བྱེད་ཤུགས་སླར་ཡང་ཤུགས་ཆེན་བཏང་སྟེ་གནམ་ས་ཁེབས་པའི་རྣམ་པ་ཞིག་ཆགས་པར་བྱས་ནས་མང་ཚོགས་ཀྱི་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་བ།  ལས་ཀའི་མཉམ་ཤུགས་ལ་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་སྤྱི་བདེ་དང་། ཞིབ་དཔྱོད།  ཁྲིམས་ཁང་བཅས་ཀྱི་ལས་ཀའི་ཚད་གཞི་གཅིག་གྱུར་ཡོང་བར་བྱས་ནས།  སྲིད་ཁྲིམས་སྡེ་ཚན་དང་སྒྲིག་བཤེར་དང་རྩ་འཛུགས་ཀྱིས་མཉམ་ཤུགས་འདོན་སྤེལ་གང་ལེགས་དང་།  འགན་འཁྲི་སླར་ཡང་དོན་འཁྱོལ་བྱས་ཏེ་ལས་རིགས་སྡེ་ཚན་གྱིས་རང་བཤེར་བྱས་ནས་འགན་འཁྲི་ལྡོག་བཤེར་ལམ་སྲོལ་དོན་འཁྱོལ་ནན་པོ།  ལྟ་ཞིབ་རང་བཤེར་ལ་སླར་ཡང་ཤུགས་སྣོན་བརྒྱབ་ཏེ་རང་བཤེར་རང་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་དག་ཐེར་བཅས་བྱེད་པ།  བཅོས་སྐྱོང་སླར་ཡང་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་བསྡུས་བཅོས་སྐྱོང་དང་ལས་རིགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  མཛུབ་ཁྲིད་ཕྱོགས་སྡོམ་སླར་ཡང་གཏིང་ཟབ་ཏུ་བཏང་སྟེ་ལྗོངས་ཕྱི་ནང་གི་ཉམས་མྱོང་དང་བྱེད་སྟངས་ཡག་པོར་སློབ་སྦྱོང་དང་ཕྱོགས་སྡོམ་བྱས་ནས་གྲོང་ཁྱེར(ས་ཁུལ)ཁག་དབར་ཕན་ཚུན་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ།  གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ཏེ་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་གོང་ཞུ་གཤམ་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་ནས་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།