བོད་ལྗོངས་མི་རིཌ་སློབ་ཆེན་ཞོར་གཏོཌ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་བཀྲ་ཤིས་ལྷ་མོ། བརྩེ་སེམས་ལྡན་པའི་བུད་མེད་དགེ་རྒན་ཞིག

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:07

སློབ་མར་སྐྱེས་སྐར་བག་ལེབ་ཉོས་པ་མ་ཟད་སློབ་མ་དང་ཁོ་མོའི་གྲོགས་པོ་གྲོགས་མོ་གཞུང་ལས་ཁང་དུ་སྐད་བཏང་སྟེ་དམིགས་བསལ་གྱི་སྐྱེས་སྐར་ཞིག་བཏང་བ་རེད།

སྐྱེད་མ་དང་མཚུངས་པའི་དགེ་རྒན་དེ་ནི་བཀྲ་ཤིས་ལྷ་མོ་རེད།  ཁོང་ནི་བོད་ལྗོངས་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་གཞོན་པ་རེད་ལ་ཧྲན་ཤིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཡང་རེད།

བཀྲ་ཤིས་ལྷ་མོ་ནི་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་ཉིང་ཁྲི་ནས་ཡིན་པ་དང་།  2005ལོར་སློབ་གྲྭ་ཐོན་པ་ནས་ད་བར་བོད་ལྗོངས་མི་རིགས་སློབ་ཆེན་དུ་ཕྱག་ལས་གནང་ཞིང་།  ཁོ་མོས་སྔ་ས་ནས་བོད་ལྗོངས་མི་རིཌ་སློབ་ཆེན་དེ་རང་ཉིད་ཀྱི“ཁྱིམ་གཞིས”ལ་བརྩི་ཡི་ཡོད་པ་རེད།

2015ལོར་མངཌ་བཅོལ་ཟབ་མོ་ཞིག་དང་འགན་འཁྲི་ལྕི་པོ་ཞིག་ཡིད་ལ་བཅངས་ཏེ་ཁོ་མོས་མི་རིགས་ཀྱི་རྨང་གཞིའི་སློབ་གསོའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་འགོ་ཚུགས།  ཞོར་གཏོགས་སློབ་འབྲིང་གི་འགོ་ཁྲིད་ལས་གནས་ཐོག  ཁོ་མོས་ཞོར་གཏོགས་སློབ་འབྲིང་གི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་བྱ་གཞག་ལ་དམིགས་ཏེ་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་།  ལས་དོན་གྱི་ཕྱོགས་གང་ས་ནས་གསར་འབྱེད་བྱེད་ཕོད་པའི་བློ་རྒྱ་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ཞིག་མངོན།  ཞོར་གཏོགས་སློབ་འབྲིང་གི་འགོ་ཁྲིད་ཚན་ཁག་ཚོས་ཁོ་མོའི་སྣེ་ཁྲིད་འོག་གོང་བུ་འགྲིལ་ཤུཌ་དང་།  བློ་ཁ་ཕྱོགས་ཤུགས། འགོ་ཁྲིད་ཀྱི་འཇོན་ཐང་།  ལག་བསྟར་གྱི་འཇོན་ཐང་བཅས་ཆེ་རུ་ཕྱིན་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

2016ལོར་ས་བབ་མཐོ་ཚད་སྨི་4620ཡོད་པའི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཀུན་གྲུབ་གྲོང་ཚོའི་གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་བཀྲ་ཤིས་ལྷ་མོས་རུ་མི་ཚོའི་སྣེ་ཁྲིད་དེ“སྤྲོ་སྣང་ལྡན་པའི་འཚོ་བར་རོལ།  སྤྲོ་སྣང་ལྡན་པར་གྲོང་སྡོད་བྱེད”ཅེས་པའི་ལས་ཀའི་འབོད་ཚིག་བསྒྲགས་ནས་ལས་དོན་བསྒྲུབས།  གྲོང་སྡོད་ལས་དོན་སྒྲུབ་པའི་ཞོར་ལ།  ཁོང་ཉིད་ཡོ་ག་སྦྱོང་རྒྱུར་དགའ་པོ་ཡོད་པ་དང་།ལྷ་མཚོའི་ངོགས་སུ“འཁྱགས་ཐོག་ཡོ་ག”ཞེས་པའང་འཁྲབ་མྱོང་བ་མ་ཟད།  ལས་ཀར་འཛིན་པའི་ཧུར་བརྩོན་རང་བཞིན་དང་འཚོ་བར་བཅངས་པའི་སྤྲོ་སྣང་ཉེ་འགྲམ་གྱི་མི་ཚང་མར་བརྒྱུད་སྤྲོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།