ལས་གཏོད་ཕྱུག་འགྱུར་འཇོན་ཐང་ཆེ། དབུལ་སྐྱོར་གཞན་ཕན་ཐུགས་བརྩེ་ཟབ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:07

རི་བོ་ཆེ་རྫོང་དུ་རི་བོ་ཆེ་རྫོང་བཀྲ་ཤིས་ཚེ་མཚོ་མི་རིགས་གྱོན་ཆས་འཚེམ་བཟོ་ཚད་ཡོད་འགན་འཁྲི་ཀུང་སི་ཞེས་པའི་བོད་ཆས་ཚོང་ཁང་ཞིག་ཡོད་པ་དང་།  ནམ་རྒྱུན་དེའི་ནང་མི་མང་ལ། འཁྲུག་ཆ་ཧ་ཅང་དོད་པོ་ཡོད།

གྱོན་ཆས་ཚོང་ཁང་དེ་ནི་འདི་ལོ་ལོ་51ལ་སླེབས་པའི་བཀྲ་ཤིས་ཚེ་མཚོས་བཙུགས་པ་ཞིག་རེད།

ཆུང་དུས་བཀྲ་ཤིས་ཚེ་མཚོའི་ཁྱིམ་ཚང་གི་འཚོ་བ་སྐྱོ་ཙམ་ཡོད་རུང་།  པཱ་ལགས་དང་སྤོ་ལགས་ཀྱིས་འཚེམ་བུ་བརྒྱབ་ནས་ལྟོ་གོས་ལ་སེམས་ཁྲལ་མི་དགོས།  འོན་ཀྱང་1981ལོར་བཀྲ་ཤིས་ཚེ་མཚོའི་སྤོ་ལགས་དང་། རྨོ་ལགས།  ཕ་མ་བཅས་ནད་གཞིས་རྐྱེན་པས་བསྟུད་མར་གྲོངས་ནས་ཁོ་མོ་དང་གཅེན་གཅུང་ལྔ་ལུས་ཏེ་འཚོ་བའི་ཁུར་པོ་ལྕི་པོ་སྐབས་དེར་ལོ་13ལ་སླེབས་པའི་བཀྲ་ཤིས་ཚེ་མཚོའི་ཕྲག་ཏུ་ལྷུངས།

“སྟབས་ལེགས་པ་ཞིག་ལ་ངས་གྱོན་ཆས་འཚེམ་ཤེས་ཀྱི་ཡོད།  ཕྲུ་གུའི་རྒན་འགོ་ཡིན་པས་ཁྱིམ་གྱི་ལས་ཀ་ཙག་ཙིག་ཚང་མ་བྱེད་དགོས་ཤིང་།  ཁྱིམ་ཚང་ཡག་པོ་སྐྱོང་བ་ནི་ངའི་ལས་འགན་ལོས་ཡིན”ཞེས་བཀྲ་ཤིས་ཚེ་མཚོས་དྲན་གསོ་བྱེད་བཞིན་བཤད།

རང་ཉིད་དྭ་ཕྲུག་ཆགས་རྗེས་བཀྲ་ཤིས་ཚེ་མཚོས་འཚོ་སྐྱོང་བྱེད་མཁན་མེད་པའི་དྭ་ཕྲུག་གཞན་དག་མཐོང་སྐབས་སེམས་ཀྱིས་མ་བཟོད་པར།  དྭ་ཕྲུག་ཚང་མ་ཁྱིམ་དུ་བསུས་ནས་གསོ་སྐྱོང་བྱས།

“ངས་དྭ་ཕྲུག་16དང་གཅུང་པོ་གཅུང་མོ་5གསོས་ཡོད། ལྟོ་གོས་འཚོལ་ཆེད།  ངས་ཁོང་ཚོ་འཁྲིད་དེ་རིར་སྨན་རྩྭ་འཐུ་བར་སོང་བ་དང་།  སྨན་རྩྭ་བཙོངས་པའི་དངུལ་སྒོར་ཁྲི་6གིས་ཁྲེང་ཏུའུ་ནས་འཚེམ་འཁོར་བཅུ་ཉོས་ཏེ་ཁོ་ཚོར་འཚེམ་བཟོ་བསླབས་པ་ཡིན”ཞེས་བཤད།

1991ལོར་བཀྲ་ཤིས་ཚེ་མཚོ་ས་གནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི“འཚེམ་བཟོ་གསོ་སྦྱོང་འཛིན་གྲྭར”ཞུགས་པ་དང་།  ལག་རྩལ་སྦྱངས་རྗེས་ཁོང་གིས་ལས་གཏོད་བྱེད་འགོ་ཚུགས།  1992ལོར་ཁོང་གིས་གྱོན་ཆས་འཚེམ་ཁང་ཆུང་ཆུང་ཞིག་བཙུགས་པ་དང་ཆེད་མངགས་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དང་དྭ་ཕྲུག་དགེ་ཕྲུག་ལ་ཉར།

བཀྲ་ཤིས་ཚེ་མཚོས་རང་ཉིད་ཀྱིས་སྦྱངས་པའི་འཚེམ་བཟོའི་ལག་རྩལ་ཁོ་ཚོར་བསླབས་པ་དང་།  ད་ཆ་ལག་རྩལ་ལེགས་པའི་དགེ་ཕྲུག་ཁག་གཅིག་གིས་རི་བོ་ཆེ་རྫོང་དང་། ལྷོ་རོང་རྫོང་།  མཛོ་སྒང་རྫོང་སོགས་སུ་རང་ཉིད་ཀྱི་འཚེམ་ཁང་བཙུགས་ཡོད།

བཀྲ་ཤིས་ཚེ་མཚོས་ད་དུང་རང་ཉིད་དང་ཀུང་སིའི་མིང་ནས་དུད་ཚང་དབུལ་པོར་རོགས་རམ་བྱས་ཤིང་།  2012ལོ་ནས་བཟུང་བཀྲ་ཤིས་ཚེ་མཚོས་ལོ་ལྟར་དུས་ཆེན་སྐབས་སུ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་འཚམས་འདྲི་བྱེད་པ་དང་།  2013ལོར་ཀུང་སིའི་ཁེ་བཟང་ནས་50%བཏོན་ཏེ་དུད་ཚང་དབུལ་པོར་ཞལ་འདེབས་བརྒྱབ་པ།  2017ལོ་ནས་བཟུང་ལོ་ལྟར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30ལ་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད།

2015ལོར་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“བུད་མེད་ལས་གཏོད་ལས་ཞུགས་རྟེན་གཞི”བཀྲ་ཤིས་ཚེ་མཚོའི་ཀུང་སིར་སྒོ་བྱང་བཀལ་ནས་བཙུགས་པ་དང་།  ཁོང་གིས་ཀྱང་རྫོང་ཡོངས་ཀྱི་བུད་མེད་དབུལ་པོ་སྒྲིག་འཛུགས་དང་སྣེ་ཁྲིད་ཧུར་ཐག་བྱས་ནས་ལས་ཞུགས་འབབ་འཕར་ཡོང་ཐབས་བྱས་ཡོད།

ཚེ་གཡང་དཔའ་མཚོར་སློབ་གྲྭར་འགྲོ་མཁན་གྱི་ཕྲུ་གུ་གཉིས་ཡོད་པ་དང་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པ་མཐོང་སྐབས་བཀྲ་ཤིས་ཚེ་མཚོས་ཚེ་གཡང་དཔའ་མཚོ་ཀུང་སིར་བཅུག་པ་རེད།  ད་ཆ་ཚེ་གཡང་དཔའ་མཚོར་ལས་ཀ་བརྟན་པོ་ཞིག་ཡོད་པ་མ་ཟད་ཕྲུ་གུ་སློབ་གྲྭ་ཆེ་མོར་གཏོང་བའི་ནུས་པ་ཡོད།  “ད་ཆ་ང་ལ་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་4000ཙམ་ཡོད་པ་མ་ཟད།  ལོ་མཇུག་ཏུ་ད་དུང་བྱ་དགའ་ཡང་ཡོད”ཅེས་ཚེ་གཡང་དཔའ་མཚོས་སེམས་འགུལ་ཐེབས་བཞིན་བཤད།

གོམ་སྟབས་རྗེས་མའི་འཆར་གཞིའི་སྐོར་གླེང་སྐབས་བཀྲ་ཤིས་ཚེ་མཚོས“ངས་ས་ཆ་སྨི་ངོས་གྲུ་700ཉོས་ཡོད།  གང་ཡིན་ཟེར་ན།  ང་ཚོའི་གྱོན་ཆས་ཉོ་མཁན་དང་མངགས་ཉོ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས་ངས་ཀུང་སི་ཆེ་རུ་གཏོང་རྩིས་ཡོད།  བྱིས་པའི་སློབ་སྦྱོང་རོལ་རྩེད་དང་། དྲ་ཐོག་ཕྱིར་ཚོང་། གཞུང་ལས་ཁང་དང་ཉལ་ཁང་།  ཟ་ཁང་བཅས་གཅིག་སྡུད་ཀྱི་ཕྱོགས་བསྡུས་ཐོག་ཁང་སྐྲུན་མཁན་ཡིན་ལ།  ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མང་ཙམ་བསྡུས་ནས་ཁོ་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།