འདམ་གཞུང་རྫོང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་དབུལ་སྒྲོལ་ཕན་འབྲས་བརྟན་དུ་གཏོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:06

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་སྒྱུར་འཕེལ་བརྟན་གསུམ་གྱི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་གཙོ་གནད་མངོན་གསལ་དོད་པོས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་བཏང་བ་རེད།

ཏང་འཛུཌ་སྐྱོང་གི་དབུལ་སྐྱོར་གྱི“རྨང་གཞིའི་དམག་འཐབ”རྒྱུན་མཐུད་ཡག་པོ་བརྒྱབ་པ།  གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་འཕེལ་རྒྱས།  གཞི་རིམ་མང་ཚོགས་ལ་ཞབས་ཞུ་སོགས་ཀྱི་ཐད་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

ཐོན་ལས་དབུལ་སྐྱོར་གྱི“ཚད་བརྒལ་དམག་འཐབ”རྒྱུན་མཐུད་ཡག་པོ་བརྒྱབ་པ།  ཐོན་ལས་འཕེལ་རྒྱས་ཀྱི“འགག་གནད”ལ་དམ་པོར་དམིགས་པ་དང་འབྲོག་ལས་དང། རིག་གནས་ཡུལ་སྐོར།  རང་བྱུང་འཐུང་ཆུ་བཅས་ལེགས་ལྡན་ཐོན་ལས་ཆེན་པོ་གསུམ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།  མ་དངུལ་སྒོར་ཁྲི་9930.76བཏང་ནས་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤའི་སྤུས་རྟགས་བཏོད་དེ་འབྲོག་ལས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ་དང་།  རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་རིམ་པ་སྤར་ཏེ་བོད་བྱང་ཐང་གི་དེང་དུས་སྣོད་བཅུད་ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་བཏོད་དེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོས“ཡུལ་སྐོར་མགྱོགས་འཁོར”ལ་བསྡད་དེ་ཡོང་འབབ་གསོག་ཐུབ་པ།  ཆུའི་ཐོན་ཁུངས་ལ་བསམ་གཞིག་ཡག་པོ་བྱས་ཏེ“འདམ་གཞུང་གི་རང་བྱུང་འཐུང་ཆུའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་གནམ་མཚོའི་གནས་མཆོག་ཆུ་ཁང་བསྐྲུན་པར་མིག་སྔར་འཁོར་རྒྱུག་བྱེད་མུས་ཡིན་པ་དང་འབྲེལ་ཕན་འབྲས་ཐོན་བཞིན་ཡོད་པ་རེད།

ལས་ཞུགས་གཞན་སྒྱུར་གྱི“རིམ་སྤོར་དམག་འཐབ”རྒྱུན་མཐུད་ཡག་པོ་བརྒྱབ་པ།  ད་ཕན་ལོ་གསུམ་རིང་ཁྱོན་གསོ་སྦྱོང་མ་དངུལ་སྒོར་ཁྲི་367.226བཏང་ནས་རིགས་ཁག་གི་གནད་སྨིན་དབུལ་སྐྱོར་རྩལ་ནུས་གསོ་སྦྱོང་དུས་ཐེངས་33གཉེར་བར་མང་ཚོགས་3396ལ་ཕན་པ་ཐོབ་པ།  ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་10ལྷག་ཙམ་འཚོགས་ཏེ་མི་2198ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་པ་བཅས་རེད།

གནས་སྤོས་རྗེས་མཐུད་ཀྱི“ཞབས་ཞུའི་དམག་འཐབ”རྒྱུན་མཐུད་ཡག་པོ་བརྒྱབ་པ།  ཁོར་ཡུག་ཅུང་ཞན་པའི་ས་ཁུལ་དུ་སྡོད་པའི་མི་འབོར་དབུལ་པོ་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱས་པ་དང་གནས་སྤོས་མང་ཚོགས་རེ་རེ་བཞིན་ལས་གནས་བཀོད་སྒྲིག་བྱས་ཡོད།  མིག་སྔར་གནས་སྤོས་མང་ཚོགས་868ལས་ཞུགས་ཐུབ་པ་དང་འབྲེལ་གནས་སྤོས་མང་ཚོགས་ཀྱི་སྨན་བཅོས་དང་།  སློབ་གསོ།  སྤྱི་ཚོཌ་འགན་ལེན་སོགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།