གོ་འཇོ་རྫོང་གིས་རྫོང་ཡོངས་ཀྱི་ནག་གཤེད་དང་འབྲེལ་བའི་གནད་དོན་བཀག་འགོག་ནུས་ལྡན་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:06

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ།  གོ་འཇོ་རྫོང་གིས་འདི་ལོ་ནས་བཟུང“གཉིས་ལྡན་དུད་སྦྲེལ”གྱི་སྟོབས་ཤུགས་འདོན་སྤེལ་དང“གཉིས་ལྡན་དུད་སྦྲེལ”གྱི་སྟོབས་ཤུགས་ལ་བརྟེན་ནས“ནག་སེལ་གཤེད་བཅོམ”གྱི་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ།  རྫོང་ཡོངས་ཀྱི་ནག་གཤེད་དང་འབྲེལ་བའི་གནད་དོན་འབྱུང་རྩ་ནས་བཀག་འགོག་བྱེད་པའི་འགན་ལེན་བྱས་ཡོད།

གོ་འཇོ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་ཁྲིམས་ལུཌ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ནས་ཤང་གི་ལས་བྱེད་པ་དང་།  མངཌ་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ།  དེ་བཞིན་ཕུལ་བྱུང་གི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སྒྲིག་འཛུགས་བྱས་ཏེ།  སྒྲོག་འགྲེལ་ཚོགས་ཆུང་བཙུགས་ནས་གཅིག་སྡུད་དྲིལ་བསྒྲགས་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ལ་ཏང་གི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་མང་ཚོགས་རང་འགུལ་ངང་ནག་གཤེད་ཕྱོགས་གཏོགས་སམ་ཁྲིམས་འགལ་རྩ་འཛུགས་དང་ཐག་རིང་ཙམ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།  འདི་ལོ་ཚུན་དུ་ཁྱོན་སྒྲོག་འགྲེལ་ཐེངས་40ལྷག་ཙམ་བྱས་པ་དང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་4000ལྷག་ཙམ་སྤྲད་ཡོད།

དེ་དང་དུས་མཚུངས།  གོ་འཇོ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་ད་དུང་དུད་སྦྲེལ་གྱི་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་བདེ་འཇགས་བཅོས་སྐྱོང་གི་སྐོར་གཡེང་བྱེད་སྒོ་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི“འཆལ་རྒྱན་དུག་གསུམ”དང་།  “རྐུ་འཕྲོག་སླུ་གསུམ” “ནག་གཤེད་ཟིང་གསུམ”བཅས་དང་།  ཁྲིམས་ལས་འགལ་ཏེ་བཀག་སྡོམ་བྱེད་ཁོངས་སུ་གཏོགས་པའི་གྲི་འཁྱེར་བ།  རྒྱག་རེས་རྒྱག་པ་སོགས་རིགས་ཁག་གི་གྱོད་གཞིར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།  སྐོར་ཞིབ་བྱ་ཡུལ་དབྱེ་བ་ཕྱེ་ནས་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཉིན་ལྟར་བར་མཚམས་མེད་པར་སྐོར་ཞིབ་བྱས་ནས་ཁོངས་གཏོགས་ཁུལ་ཕྱོགས་ཡོངས་ནས་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།  མིག་སྔའི་བར་བདེ་འཇགས་བཅོས་སྐྱོང་གི་སྐོར་གཡེང་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བ་དང་གཉིས་ལྡན་དུད་སྦྲེལ་གྱི་མང་ཚོགས་800ལྷག་ཙམ་སྐུལ་སློང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།