བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་ཉན་པའི་བརྟག་ཞིབ་བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:04

འདི་ག་ཚགས་པར་ཁང་དུ་ཞན་དབྱང་ནས་གློག་འཕྲིན་འབྱོར་གསལ།  སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་གྱི་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་དགོས་པ།  སུའི་ཆེད་དུ་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སློབ་གྲྭས་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་བཀོད་སྒྲིག་ཡག་པོ་བྱེད་པ་དང་།  དགེ་རྒན་གྱིས་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་ཡག་པོ་འཁྲིད་པ།  སློབ་མས་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་ཧུར་ཐག་སྦྱོང་བ་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད།  ཉེ་ཆར་བོད་ལྗོངས་མི་རིགས་སློབ་ཆེན་སློབ་གྲྭའི་ཏང་ཨུད་ཀྱིས་རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་ཉན་པའི་བརྟག་ཞིབ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་དགེ་རྒན་གྱིས་སློབ་ཚན་འཁྲིད་པ་དང་། སློབ་མས་སློབ་ཚན་ཉན་པ།  བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་སོཌ་ཀྱི་གནད་དོན་ཐད་ཀྱི་ཚུར་ལན་བསམ་འཆར་དང་གྲོས་འགོར་དམིགས་ཏེ།  བསམ་བློ་ཆབ་སྲིད་ཀྱི་རིཌ་གཞུང་སློབ་ཚན་ཡག་པོ་འཁྲིད་པར་ཐབས་འདོན་ཇུས་འདོན་བྱས་ཤིང་།  མིག་སྔའི་བར་བསམ་འཆར་དང་གྲོས་འགོ་ཁག་18ལ་གསེད་བཀྲོལ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།