ཆོན་ཀྲོའུ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གིས་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:58:03

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ།  ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་འཐུས་མི་ཚོགས་པ་ཆོན་ཀྲོའུ་ཆ་འཕྲིན་བཟོ་བཀོད་སློབ་གླིང་དུ་རྟོག་ཞིབ་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་པར་མངགས་པ་རེད།

འཐུས་མི་ཚོགས་པས་ཆོན་ཀྲོའུ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གི་སློབ་གྲྭ་དང་།  ཆོན་ཀྲོའུ་གྲོང་ཁྱེར་རིག་ནུས་བཟོ་སྐྲུན་སྤྱི་པའི་དངོས་སྦྱོང་རྟེན་གཞི།  སློབ་གསོ་པུའི་ICTཐོན་སློབ་ཟུང་འབྲེལ་གསར་གཏོད་རྟེན་གཞི་སོགས་ལ་ལྟ་སྐོར་བྱས་པ་རེད།  དེ་རྗེས་ཕྱོགས་གཉིས་དབར《ཆོན་ཀྲོའུ་ཆ་འཕྲིན་བཟོ་སྐྲུན་གླིང་གིས་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི》གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་།  ཆོན་ཀྲོའུ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གིས་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཆེད་ལས་འཛུགས་སྐྲུན་དང་།  དོ་དམ་པ་གསོ་སྐྱོང་།  ཕྱོགས་གཉིས་དབར་ཁ་གཏད་རོགས་སྐྱོར་དང་སྤེལ་རེས་ལམ་སྲོལ་འཛུགས་པ་སོགས་ཀྱི་ཐད་རོགས་སྐྱོར་བྱས་ཏེ།  སློབ་གྲྭ་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་རོགས་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།