མཛོ་སྒང་རྫོང་གོ་རེ་གྲོང་ཚོར་བཅའ་སྡོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་དོན་རུ་ཁག་ཁག་བརྒྱད་པའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:57:58

ཟླ་3ཚེས་5ཉིན།  རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པ་མཛོ་སྒང་རྫོང་ཞྭ་གླིང་ཁ་ཤང་གོ་རེ་གྲོང་ཚོར་དངོས་སུ་བཅའ་སྡོད་བྱས།

བཅའ་སྡོད་བྱེད་པའི་ཉིན་དེར་གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་དུད་ཚང་དུ་མཐིལ་རྟོགས་བརྟག་དཔྱད་དང་།  དཀའ་ངལ་ཡོད་པའི་མང་ཚོགས་ལ་འདྲི་རྩད།  མང་ཚོགས་ཀྱི་རེ་སྒུག་ཤེས་རྟོགས་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་དུད་ཚང་དབུལ་པོའི་དཔྱད་གཞིའི་མཛོད་ལེགས་སྒྲིག་དང་།  དུད་ཚང་དབུལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་དང་ཆ་སྒྲིག་རོགས་སྐྱོར་གྱི་གཞི་རྩའི་ཆ་འཕྲིན་འཐུས་སྒོ་ཚང་དུ་དང་།  གཞུང་ལས་ཁང་གི་ལས་དོན་སྒྲུབ་པའི་གློག་རྡུལ་ཡིག་ཚགས་ཚད་ལྡན་དུ་བཏང་བ་མ་ཟད།  རྐང་ཐང་མར་གོ་རེ་གྲོང་ཚོ་དང་ཤོག་གཞི་གྲོང་ཚོའི་རྟ་ལམ་དང་གཞུང་ལམ་གྱི་གནས་ཚུལ་བརྟག་ཞིབ་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པར་བྱས་པས།  གོམ་སྟབས་རྗེས་མར་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ཞྭ་གླིང་ཁ་ཤང་གི་ད་ཆའི་འགྲིམ་འགྲུལ་གནས་ཚུལ་དང་གོ་རེ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ལ་གཞིགས་ནས།  གྲོང་སྡོད་ལས་དོན་རུ་ཁག་གིས“བརྒྱུད་རོགས་ཁྲིད་གསུམ”དམ་འཛིན་བྱ་གཞིར་བྱས་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བའི་འཇུག་གཞི་དང་ཚད་བརྒལ་ས་གནད་ལ་འཕིགས་པའི་ངང་བཙལ་བ་དང་།  “གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ།  མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པ”བཅས་ཀྱི་ལས་ཀའི་དམིགས་ཚད་ཁ་གསལ་བཟོས་ནས“གཙོ་གནད་ལས་འགན་ཁག་བདུན”དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

མིག་སྔར་གཞུང་ལམ་དང་། འཕྲིན་གཏོང་།  གློག་ཤུགས་སོགས་གོ་རེ་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་དང་དབུལ་ཞྭ་འབུད་པར་ཚོད་འཛིན་བཟོ་བའི་འགལ་རྐྱེན་གཙོ་བོར་གྱུར་ཡོད།  དེས་ན་ཞྭ་གླིང་ཁ་ཤང་གི་སྲིད་འཛིན་གྲོང་ཚོ་ཁག་གི་གཞུང་ལམ་དང་།  འཕྲིན་གཏོང་དྲ་རྒྱ་སོགས་རྨང་གཞིའི་རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་བ་དང་།  འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྔོན་འགྲོ་དང་རྨང་གཞིར་གྱུར་ཡོད་ལ།  ཤང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་འདོད་འདུན་ལའང་གྱུར་ཡོད།

ལྗོངས་ཏང་ཨུད་ཀྱི་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་རིང་གི“གཙོ་གནད་ལས་འགན་ཁག་བདུན”གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།  གྲོང་སྡོད་ལས་དོན་རུ་ཁག་གིས་རུ་མི་མི་རེ་ངོ་རེའི་འཇོན་ཐང་བཏོན་ཏེ་སེམས་ཤུགས་ཡོད་རྒུས་ལས་དོན་བསྒྲུབས་པ་དང་ཧུར་ཐག་འབད་འཐབ་བྱས་པ་བརྒྱུད།  ཞྭ་གླིང་ཁ་ཤང་དང་གོ་རེ་ཤང་གི་གཞུང་ལམ་འགྲིམ་འགྲུལ་དང་འཕྲིན་གཏོང་དྲ་རྒྱ་སོགས་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད།

ཞྭ་གླིང་ཁ་ཤང་དང་གོ་རེ་གྲོང་ཚོའི་དབར་བར་ཐག་སྤྱི་ལེ་25ལས་མེད་ནའང་གཞུང་ལམ་ཤར་གཏོང་མི་ཐུབ་པས།  མིག་སྔར་ཉིན་ཕྱེད་རྐང་ཐང་མར་འགྲོ་བའམ་ཡང་ན་མཛོ་སྒང་རྫོང་ནས་བསྐོར་རྗེས་ཀྲུང་གླིང་ཁ་ཤང་བརྒྱུད་གོ་རེ་གྲོང་ཚོར་བསྐྱོད་དགོས་ཀྱི་ཡོད།  དེས་ན་ལམ་ཐག་སྤྱི་ལེ་330ཙམ་འགྲོ་དགོས་ཀྱི་ཡོད། ལམ་ཤར་གཏོང་ཐུབ་པ་བྱེད་ཆེད།  གྲོང་སྡོད་ལས་དོན་རུ་ཁག་གིས་དུས་ཐོག་ཏུ་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ལ་གནས་ཚུལ་སྙན་སེང་ཞུས་ཤིང་།  ཐིང་ཏང་ཨུད་ཀྱིས་འཛུགས་སྐྲུན་མ་དངུལ་ཧ་ཅང་ཁ་ཐང་བའི་གནས་ཚུལ་འོག་དམིགས་བསལ་གནས་ཚུལ་ལ་དམིགས་བསལ་ཐག་གཅོད་བྱས་ཏེ་ཐབས་ལམ་སྣ་མང་ལ་བརྟེན་ནས་མ་དངུལ་གྱི་དཀའ་ངལ་སེལ་བ་དང་ཞིབ་འཇུག་བྱས་པ་བརྒྱུད།  ཞྭ་གླིང་ཁ་ཤང་ནས་ཀྲུང་གླིང་ཁ་ཤང་བར་གྱི་ལམ་བུ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་།  ཞྭ་གླིང་ཁ་ཤང་ནས་ཤོག་གཞི་གྲོང་ཚོའི་བར་གྱི་ཐུང་མདའ་གཞུང་ལམ་ཉམས་བཟོ་བྱ་རྒྱུའི་མོས་མཐུན་བྱས།

ཟླ་གསུམ་པ་ཚུན།  གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ“མཛུབ་ཁྲིད་བྱེད་པ་ལས་འགོ་ཁྲིད་མི་བྱེད་པ་དང་།  གནད་སར་འབྱོར་བ་ལས་གནས་ལས་མི་བརྒལ་བ་བྱེད་པ།  སྒྲུབ་རོགས་བྱེད་པ་ལས་འགན་གཙང་མི་ལེན་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ“བརྒྱུད་རོགས་ཁྲིད་གསུམ”གྱི་བྱེད་སྒོ་ཤུགས་ཆེན་སྤེལ་ཡོད།  གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དཔྱད་འདེམས་ཡག་པོ་བྱས་པ་དང་།  ཉེན་ཡོད་ཁང་པ་སྒྱུར་བཀོད་དང་མཛེས་སྡུག་ལྡན་པའི་གོ་རེ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཡོད།  ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རུ་ཁག་འཛུགས་རོགས་བྱས་ཏེ་ཚོགས་སྒྲིག་རྣམ་པའི་སྒྲོག་འགྲེལ་བྱེད་སྟངས་ལ་བརྟེན་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲོང་མི་རྣམས་ལ་སྐོར་སྐྱོད་རྣམ་པའི་སྒྲོག་འགྲེལ་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།