ཐུགས་ཁུར་གཟབ་བཞེས་ལས་སྒུལ་བདེའི་འཕྲིན་གཏོང་ཤར་གཏོང་ཐུབ་པ།

བོད་ལྗོངས་ཉིནརེའི་ཚགས་པར་།

| 2019-05-17 13:57:58

ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་ཤང་བསང་སྦུག་གྲོང་ཚོ་ནི་རང་སྐྱོང་ལྗོངས་སྲིད་ཁྲིམས་ཐིང་ཁོངས་གཏོགས་ཀྱི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་བཙོན་ཁང་གིས་མངགས་གཏོང་བྱས)གི་གྲོང་སྡོད་བྱ་ཡུལ་གྱི་གྲས་ཤིག་རེད།

བསང་སྦུག་གྲོང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་འཚོ་སྡོད་བྱ་ཡུལ་ཁ་ཐོར་ཡིན་པས།  དྲ་བ་དང་གློག་ཤར་གཏོང་ཐུབ་མེད་ལ།  གྲོང་ཚོ་ཡོངས་ཀྱི་ཁ་པར་སྦྲེལ་ཚུགས་རྟག་ཏུ་ཉི་ནུས་ལ་བརྟེན་ནས་གློག་མཁོ་འདོན་བྱེད་ཀྱི་ཡོད་པས་བརྡ་རྟགས་བརྟན་པོ་མེད།  ལྷག་པར་དུ་ཟླ་4པ་ཚུན་དུ་གངས་མ་ཆར་གྱི་གནམ་གཤིས་བསྟན་པའི་རྐྱེན་གྱིས་བསང་སྦུག་གྲོང་ཚོའི་སྒུལ་བདེའི་འཕྲིན་གཏོང་གི་བརྡ་རྟགས་ཆད་ཀྱི་ཡོད།

“ཁ་པར་ཤར་གཏོང་མི་ཐུབ་པས་ས་གནས་དེ་གའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད།  མི་སེར་མི་ཉུང་བ་ཞིག་གིས་སྤུན་མཆེད་ལ་འཚམས་འདྲི་ཞུ་དགོས་བསམ་ཡང་རླངས་འཁོར་བསྡད་དེ་ལམ་ཐག་རིང་བའི་རྩ་ལ་ཤང་དུ་ཁ་པར་རྒྱག་པར་འགྲོ་དགོས་ཀྱི་ཡོད།  ལྷག་པར་དུ་གྲོང་ཚོའི‘ཨུ་ལྷན་གཉིས’དང་གྲོང་སྡོད་ལས་དོན་རུ་ཁག་གི་ངོས་ནས་བཤད་ན།  ཁ་པར་ཤར་གཏོང་མི་ཐུབ་པས་ལས་ཀ་མང་པོ་ཞིག་འབྲེལ་མཐུད་ལ་སྟབས་བདེ་པོ་མེད་པར་ལས་སྒྲུབ་ཀྱི་མྱུར་ཚད་ལ་ཚད་གཞི་ངེས་ཅན་ཞིག་གི་་ཐོག་ནས་ཤུགས་རྐྱེན་ཕོག་གི་ཡོད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཕུར་བུ་བསོད་ནམས་ཀྱིས་བརྗོད།

སྲིད་ཁྲིམས་ཐིང་ཏང་ཨུད་ཀྱི་མཐུན་སྦྱོར་ཧུར་ཐག་འོག  སྲིད་ཁྲིམས་ཐིང་རྨང་བརྟན་གཞུང་ལས་ཁང་དང་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི།  ཀྲུང་གོ་སྒུལ་བདེ་ནག་ཆུ་ཡན་ལག་ཀུང་སི། འབྲི་རུ་རྫོང་སྒུལ་བདེ་ཀུང་སི།  བསང་སྦུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད།  སྒུལ་བདེ་ཀུང་སིའི་ལག་རྩལ་མི་སྣས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ལྷ་ས་ནས་སྒྲིག་ཆས་གསར་པ་དབོར་འདྲེན་བྱས་པ་དང་།  མི་སྣ་བཀོད་སྒྲིག་གིས་ལས་དུས་འཕར་མ་བྱས་ཏེ་གནད་དོན་ཞིབ་བཤེར་དང་བཟོ་བཅོས་བྱས་པ་མ་ཟད་སྒྲིག་ཆས་ཀྱང་བརྗེ་པོ་བརྒྱབ་ནས་འཕྲིན་གཏོང་ཤར་གཏོང་ཐུབ་པ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།