རྣམ་གླིང་རྫོང་ཐོབ་རྒྱལ་ཤང་དུ་བཅའ་སྡོད་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་རུ་ཁག་གིས།

བོད་ལྗོངས་ཉིནརེའི་ཚགས་པར་།

| 2019-05-17 13:57:57

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་།  རྣམ་གླིང་རྫོང་ཐོབ་རྒྱལ་ཤང་སྒང་དཀར་གྲོང་ཚོ་སོགས་སུ་བཅའ་སྡོད་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་རུ་ཁག་5ཡིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་154ལ་གཙོ་བོར་དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་ཨང་དང་པོའི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་གདོང་སྐྱོད་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྩལ་ནུས་གསོ་སྦྱོང་དང་།  ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་འཕེལ་རྒྱས།  རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་དུད་ཚང་རེར་སྲིད་ཇུས་རེ་ལག་ལེན་བསྟར་ནས་ལོ་མཇུག་གོང་གནས་གཏན་འཁེལ་རོགས་སྐྱོབ་གྲོང་ཚོ་5ཡི་མི་འབོར་དབུལ་པོ་ཚང་མ་དབུལ་པོ་ལས་སྒྲོལ་བ་དང་གྲོང་ཚོ་དག་དབུལ་པོ་ལས་སྒྲོལ་བའི་འགན་ལེན་ནུས་ལྡན་བྱས་པ་རེད།

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གཙོ་བོ་རྩལ་ནུས་གསོ་སྦྱོང་དང་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་བྱས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་བཏང་ནས་དུད་ཚང་དབུལ་པོ་50%ཉུང་མཐར་ཡང་རྩལ་ནུས་གསོ་སྦྱོང་གི་རྣམ་གྲངས་གཅིག་ལ་ཞུགས་ཐུབ་རྒྱུའི་བརྩོན་ལེན་བྱས་ཡོད།  མིག་སྔར་མ་དངུལ་སྒོར་ཁྲི་45.6བཏང་ནས་བཅའ་སྡོད་གྲོང་ཚོའི་མང་ཚོགས་དབུལ་པོ་60ཁ་ལོ་བ་དང་།  རྐོ་འདྲུའི་འཕྲུལ་འཁོར།  ལྡུག་འཁོར་བཅས་ཀྱི་ཆེད་ལས་རྩལ་ནུས་ལ་ཞུགས་སུ་བཅུག་པ་དང་ཟླ་3རིང་གསོ་སྦྱོང་བྱས་པ་བརྒྱུད།  སློབ་མ་90%ལ་ལག་ཁྱེར་རག་པས། སྔོན་རྩིས་བྱས་ན་ངལ་ནུས་ཕྱིར་གཏོང་བརྒྱུད།  ལས་ཞུགས་ཐུབ་པའི་མིར་སྒོར་ཁྲི་5ནས་ཁྲི་10བར་གྱི་ཡོང་འབབ་མང་དུ་ཕྱིན་ནས་དབུལ་སྒྲོལ་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  འདི་ལོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མུ་མཐུད་སྒོར་ཁྲི་80བཏང་ནས་བཅའ་སྡོད་གྲོང་ཚོར་ཆུ་བེད་དང་ཟམ་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་ས་གནས་དེ་གའི་དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།  མ་དངུལ་སྒོར་ཁྲི་40བཏང་ནས་བཅའ་སྡོད་གྲོང་ཚོའི་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭའི་རྣམ་གྲངས་ལག་བསྟར་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ།  མ་དངུལ་སྒོར་ཁྲི་32བཏང་ནས་ཐོབ་རྒྱལ་ཤང་སློབ་ཆུང་གི་ལུས་རྩལ་ཐང་རྒྱས་བསྐྲུན་བྱས་ནས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རོགས་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།