སྣང་རྫོང་གཉགས་གྲོང་ཚོས། “ཏང་ཡོན་གྱི་དཔལ་འབྱོར་ནཌ་ཤིང”ཡག་པོ་འདེབས་ནས་གཡོག་བྱེད་ཡག་པོ་བྱེད་པ།

བོད་ལྗོངས་ཉིནརེའི་ཚགས་པར་།

| 2019-05-17 13:57:57

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ།  གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་ཆེར་གཏོང་བ་དང་།  ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད།  གྲོང་མིས་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁོ་ནར་བརྟེན་དྲགས་པ་ཞི་ལྷོད་དུ་གཏོང་བ་བཅས་བྱ་ཆེད།  སྣང་རྫོང་གཉཌ་གྲོང་ཚོའི་གཉཌ་གྲོང་རྡལ་གྱི་ལས་དོན་རུ་ཁག་གིས་སྒོར་ཁྲི་3ལྷག་ཙམ་རི་བའི་ཀུ་ཤུའི་སྡོང་ཕྲུག་500ལྷག་ཙམ་བརྩོན་ལེན་ཧུར་ཐག་བྱས་ནས་གཉགས་གྲོང་ཚོར་མུའུ་5ཡོད་པའི་དཔལ་འབྱོར་ནཌ་ཤིང་བཙུཌ་པ་རེད།  གཉགས་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་དང་མང་ཚོགས་ཚོས་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་དང་བདག་སྐྱོང་ལས་འགན་འཁུར་ཞིང་།  གཉགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྒྲིག་འཛུགས་འོག  གཉགས་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་ཡོངས་ཀྱིས་འོས་འགན་ལས་ཀར་ཞུགས་ཏེ་ཀུ་ཤུའི་སྡོང་ཕྲུག་250བཙུགས་པ་དང་ལྕགས་དྲ་སྨི་800བསྐོར་ནས་དེར“ཏང་ཡོན་གྱི་དཔལ་འབྱོར་ནགས་ཤིང”ཞེས་བཏགས་པ་རེད།  སྡོང་ཕྲུག་གསོན་ཚད་འགན་ལེན་བྱ་ཆེད། ཀྲི་པུའི་ཏང་ཡོན་ཡོངས་དང་།  གྲོང་ཚོ“ཨུ་ལྷན་གཉིས”།  དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་བཅས་མི་བཞི་རེ་ཚོགས་ཆུང་རེ་དབྱེ་ནས་དཔལ་འབྱོར་ནགས་ཤིང་ལ་གཡོག་བྱེད་ཀྱི་ལས་འགན་རེས་སྐོར་བྱས་ནས་འཁུར་གྱི་ཡོད།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་།  གཉགས་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་དང་མང་ཚོགས་ཚོའི་དམིགས་ཡུལ་གྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་གཉིས་ཀ་སྔར་བས་ཟབ་ཏུ་ཕྱིན་ཞིང་།  གཉཌ་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚད་ལོན་ཏང་ཡོན་གྱི་བླང་བྱ་དོན་འཁྱོལ་བྱས་པ་མ་ཟད།  “ཏང་ཡོན་གྱི་དཔལ་འབྱོར་ནཌ་ཤིང”གིས་ཀྱང་གཉགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་སྦྱིན་པས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།