བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གནས་ནང་གྲོང་ཚོའི་སྒྲོག་འགྲེལ་པ་སྟོབས་ལགས་ཀྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:57:57

ཞོགས་པའི་ཉི་གཞོན་འཕྲོས་མ་ཐག  གནས་ནང་གྲོང་ཚོའི་གྲོང་མི་ཚོས་ཞིང་ནང་དུ་ལས་ཀ་བྱེད་པར་བསྐྱོད་འགོ་ཚུགས།  གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གནས་ནང་གྲོང་ཚོའི་གྲོང་དཔོན་སྟོབས་ལགས་ཀྱིས་ཀྱང་སྔ་ས་ནས་གྲ་སྒྲིག་བྱས་པའི་སྒྲོག་འགྲེལ་ཡིག་ཆ་སྒལ་པར་ཁུར་ཏེ་ཞིང་ནང་དུ་བསྐྱོད་དེ་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས།

སྟོབས་ལགས་ཀྱིས་གཟའ་འཁོར་རེར་ཞིང་ནང་དང་མུ་ཁའམ་ཡང་ན་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲོག་འགྲེལ་བྱེད་ཀྱི་ཡོད།  མང་ཚོགས་ཚོར་བག་ཆགས་ཟབ་ཤོས་ནི་སྟོབས་ལགས་ཀྱིས་སྒྲོག་འགྲེལ་ཡིག་ཆ་མང་པོ་བླུགས་པའི་ཁུག་མ་འཁུར་ནས་གྲོང་ཚོའི་ནང་ཕར་འགྲོ་ཚུར་འོང་བྱས་ཏེ་སྒྲོག་འགྲེལ་བྱེད་པའི་རྣམ་པ་དེ་ཡིན།

“ངའི་ཁུག་མ་ཆུང་ཆུང་ཞིག་ལས་མེད་ནའང་དེའི་ནང་གི་ནང་དོན་ནི་རིན་ཐང་ཆེན་པོ་ལྡན་པ་ཞིག་རེད།  མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ཤེས་རྟོགས་ཇི་ཙམ་ཐུབ་མིན་དེ་གཙོ་བོ་ཁུག་མ་ཆུང་ཆུང་དེའི་ནང་གི་ནང་དོན་མང་ཉུང་ལ་ཐུག་ཡོད”ཅེས་སྟོབས་ལགས་ཀྱིས་རྟག་ཏུ་གྲོང་ཚོའི་མང་ཚོགས་ལ་དེ་ལྟར་ཤོད་ཀྱི་ཡོད།

“ང་ནི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པས་ཐད་ཀར་མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས་ཀྱི་ཡོད།  ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན།  རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་དོགས་གནད་སེལ་ཐུབ་པ་དང་།  མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་ཐུབ་ཀྱི་ཡོད།  འདི་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་གིས་ཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་ཀྱང་རེད”ཅེས་ཁོང་གིས་བཤད།

དེ་ཉིན་སྟོབས་ལགས་ཀྱིས་རྣམ་ཀུན་བཞིན་ཁུག་མ་ཁུར་ཏེ་ཞོགས་པ་སྔ་པོ་ནས་ཐག་ཉེ་བའི་ཞིང་ཁའི་ཕྱོགས་སུ་བསྐྱོད།  དེའི་སྐབས་ཞིང་ནང་དང་མུ་ཁར་གྲོང་མི་ཚོ་བྲེལ་བརྩོན་གྱིས་ཁེངས་པ་དང་ཚ་ཚ་འུར་འུར་ངང་ཞིང་ནང་དུ་ལུད་རྒྱག་བཞིན་ཡོད།  “སྟོབས་ལགས་སླེབས་བྱུང་།  དེ་རིང་ང་ཚོར་གང་ཞིག་སྒྲོག་འགྲེལ་བྱ་རྒྱུ་ཡིན་ནམ”སྟོབས་ལགས་ཡོང་བ་མཐོང་སྐབས་གྲོང་མི་ཚོས་ལག་ནང་གི་ལས་ཀ་བྱེད་མཚམས་བཞག་ནས་རེ་སྒུག་བྱས།

“དེ་རིང་ང་ཚོས་ས་ཞིང་གི་ཁ་གསབ་འབྱུང་ལུགས་ཤོད་རྒྱུ་ཡིན།  རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་ཞིག་བཏང་སྟེ་ཞིང་ལས་འཕེལ་རྒྱས་བཏང་བ་དེས་ང་ཚོ་ཞིང་པར་ཕན་ཐོགས་གང་དག་ཡོད་དམ།  ང་ཚོའི་འབྱུང་འགྱུར་ནི་ཇི་འདྲ་ཞིག་ཡིན་ནམ”ཞེས་སྟོབས་ལགས་ཀྱིས་འཛུམ་མདངས་འཕྱུར་བཞིན་དུ་གྲོང་མི་ཚོར་བཤད།

དེ་ལྟར་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱེད་སྒོ་ཞིག་ཞིང་ནང་དང་མུ་ཁར་སྤེལ་འགོ་ཚུགས།  སྟོབས་ལགས་ཀྱིས་ཉེ་འགྲམ་གྱི་གནས་ཚུལ་བརྒྱུད།  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་འགྲེལ་བཤད་བརྒྱབ།

གྲོང་མི་ཚེ་རིང་དོན་གྲུབ་ཀྱིས“སྟོབས་ལགས་ནི་ང་ཚོའི་གྲོང་ཚོའི་རིག་མཛོད་རེད།  ཁོང་གིས་སྒྲོག་འགྲེལ་བྱེད་པ་ལས་ང་ཚོར་གོ་ཆོད་པའི་ཤེས་བྱ་མང་པོ་ཤེས་བྱུང་།  དངོས་གནས་མཐོང་རྒྱ་ཆེ་རུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།

ཁུག་མ་འཁུར་ནས་སྒྲོག་འགྲེལ་བྱས་པར་དཀའ་ལས་ཧ་ཅང་ཆེན་པོ་ཡོད་ཀྱང་མང་ཚོགས་ལ་ཕན་པ་ཐོབ་ཡོད།  ད་ཆའི་གནས་ནང་གྲོང་ཚོའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཧ་ཅང་ལེགས་སུ་ཕྱིན་ཡོད།  ཚང་མས“ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ”དང“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་སྔར་བས་ཁ་གསལ་ཤེས་ཀྱི་ཡོད།  མི་ཚང་མས་བྱ་བ་ཡག་པོ་དང་མི་ཡ་རབས་བྱེད་གང་ཐུབ་བྱས་ནས་ཤེས་དཔལ་ལྡན་པའི་འཚོ་བ་གཏོད་པའི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

འདི་ལོ་ཚུན་དུ།  ཁུག་མ་འཁུར་ནས་སྒྲོག་འགྲེལ་བྱེད་མཁན་སྟོབས་ལགས་ཀྱིས་སྒྲོག་འགྲེལ་ཐེངས་20ལྷག་བྱས་ནས་མང་ཚོགས་མི་ཐེངས་900ལྷག་ལ་ཕན་པ་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།