ས་དགའ་རྫོང་གིས“ལས་བྱེད་པ་གྲོང་ཚོར་སྐྱོད་པའི་ཉིན་མོའི”བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:57:57

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཤར་ཚུན།  ས་དགའ་རྫོང་གིས་མང་ཚོགས་ཀྱི་བློ་ལ་བབ་ཚད་དེ་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ནང་གི་གཙོ་གནད་ཅིག་ལ་བརྩིས་ཏེ།  སྔོན་གྱི་བྱེད་སྟངས་ལ་འགྱུར་བ་བཏང་ནས་གཟའ་འཁོར་རེའི་གཟའ་པ་སངས་ཤང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི“གྲོང་ཚོར་སྐྱོད་པའི་ཉིན་མོར”གཏན་འཁེལ་ཁ་གསལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ས་དགའ་རྫོང་གིས་ཤང་དང་ཁོའོ་རིམ་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ་དང་ལས་བྱེད་པ་དཀྱུས་མས་རྩྭ་རའི་ཚོགས་ཆུང་འགན་གཙང་ལེན་པའི་ལམ་སྲོལ་གྱི་རྨང་གཞིའི་ཐོག  གྲོང་ཚོ་འགན་གཙང་ལེན་མཁན་ཁོའོ་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་འགན་གཙང་ལེན་ཁོངས་གྲོང་ཚོ་དང་།  རྩྭ་ར་ཚོགས་ཆུང་། ཕྱུགས་རིགས་འཚོ་ཡུལ།  དུད་ཁྱིམ་བཅས་སུ་བསམ་བློའི་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་སྤེལ་བར་བསྐྱོད་ནས་ཟླ་བ་རེར་མང་ཚོགས་ལ་འདྲི་རྟོགས་བྱེད་པར་ཐེངས་རེ་སྐྱོད་ཐུབ་པར་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།